འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་གྲོང་ཁྱེར་གྱིས་ལས་གཏོད་ཞབས་ཞུའི་ལས་སྟེགས་བསྐྲུན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་17ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ལྷ་ས་གྲོང་ཁྱེར་གྱིས་ལས་གཏོད་ཞབས་ཞུའི་ལས་སྟེགས་བསྐྲུན་པ།
         མི་དམངས་དྲ་བའི་འཕྲིན། ད་ལོ་ལྷ་ས་གྲོང་ཁྱེར་"ཁེ་ལས་ཆུང་གྲས་ཀྱི་བྱ་གཞག་གསར་གཏོད་གྱི་རྟེན་གཞིའི་དཔེ་སྟོན་གྲོང་ཁྱེར་"གྱི་མིང་ཐོར་ཚུད་པ་རེད། ལྷ་ས་གྲོང་ཁྱེར་གྱིས་ལྟེ་བའི་གྲོང་ཁྱེར་གྱི་གནས་རིམ་དང་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། བྱ་གཞག་གསར་གཏོད་ཀྱི་ལས་དོན་དེ་གྲོང་ཁྱེར་ཡོངས་ལ་དམིགས་ཏེ་"ཐབས་ཇུས་ཆེན་པོ་དྲུག་"གི་དམིགས་ཡུལ་ལ་
    བསམས་ཏེ། "ཁེ་ལས་ཆུང་གྲས་ཀྱི་བྱ་གཞག་གསར་གཏོད་ཀྱི་རྟེན་གཞིའི་དཔེ་སྟོན་གྲོང་ཁྱེར་"འཛུགས་པའི་སྐོར་གྱི་གྲོང་ཁྱེར་ཨུ་ལྷན་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་པ་ལག་བསྟར་དང་དོན་འཁྱོལ་ནན་ཏན་བྱས་པ་དང་། "གསར་གཏོད་བྱེད་སྤྲོ་བ་དང་། གསར་གཏོད་བྱེད་ཕོད་པ། གསར་གཏོད་བྱེད་ཐུབ་པ་"བཅས་ཀྱི་སྤྱི་ཚོགས་རྣམ་པ་ཧུར་ཐག་ངང་བསྐྲུན་པ་རེད། སྲིད་ཇུས་ཀྱི་བྱེད་ཐབས་ལེགས་བཅོས་བྱེད་པར་བརྟེན་ནས། ཞབས་ཞུའི་ལས་སྟེགས་བསྐྲུན་ཏེ། བྱ་གཞག་གསར་གཏོད་ཀྱི་ལམ་དུ་བདེ་བླག་ངང་ནས་རྒྱུན་རིང་སྐྱོད་པར་དངོས་ཕན་གྱི་རྒྱབ་སྐྱོར་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།