འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།བོད་ལྗོངས་ཀྱི་སྤྲུལ་སྐུ་སྐུ་སྐྱེ་གསར་པའི་གསོ་སྐྱོང་འཛིན་གྲྭ་ཧུའུ་ནན་དུ་སློབ་མཇུག་སྒྲིལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་07ཉིན། 16:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།བོད་ལྗོངས་ཀྱི་སྤྲུལ་སྐུ་སྐུ་སྐྱེ་གསར་པའི་གསོ་སྐྱོང་འཛིན་གྲྭ་ཧུའུ་ནན་དུ་སློབ་མཇུག་སྒྲིལ་བ།
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ཀྱི་སྤྲུལ་སྐུ་སྐུ་སྐྱེ་གསར་པའི་གསོ་སྐྱོང་འཛིན་གྲྭ་ཧུའུ་ནན་དུ་སློབ་མཇུག་སྒྲིལ་བ་དང་། སློབ་མཇུག་སྒྲིལ་བའི་མཛད་སྒོའི་ཐོག་ཀྲུང་དབྱང་མཐའ་ཕྱོགས་གཅིག་གྱུར་པུའུ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མཐའ་ཕྱོགས་གཅིག་གྱུར་པུའུ་ཡི་འབྲེལ་ཡོད་འགན་འཁུར་པས་སློབ་མ་ཚོར་རྒྱལ་གཅེས་ཆོས་སྐྱོང་གི་སྲོལ་རྒྱུན་བཟང་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། ཆོས་ལུགས་མི་སྣའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ། རང་ཉིད་ཀྱི་བློ་སྦྱོང་དང་བྱང་ཚད་ཆད་མེད་ཇེ་མཐོར་གཏོང་དགོས་པའི་བླང་བྱ་ཞིབ་ཕྲ་བཏོན་གནང་བ་རེད། 
    སློབ་མ་ཚོས་སྔ་གཞུག་ཏུ་ཅང་ཞི་ཡི་ཅིང་ཀན་ཧྲན་དང་། ཧུའུ་ནན་གྱི་ཧྲའོ་ཧྲན་སོགས་སུ་ཅིང་ཀན་ཧྲན་གྱི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་རྟེན་ཁང་དང་། བློ་མཐུན་མའོ་ཙེ་ཏུང་གི་བཞུགས་གནས་རྙིང་པ། བློ་མཐུན་ལིའུ་ཧྲའོ་ཆིའི་བཞུགས་གནས་རྙིང་པ་སོགས་གསར་བརྗེའི་རྗེས་ཤུལ་ཏུ་ལྟ་སྐོར་བྱས་ནས། སྔོན་བྱོན་གསར་བརྗེའི་དཔའ་བོས་ཁྲག་དང་ཚེ་སྲོག་བློས་གཏོང་ལ་བརྟེན་ནས་འབྱོར་མེད་གྲལ་རིམ་གྱི་འཐབ་འཛིང་གནང་མཐར་རྒྱལ་ཁ་རླབས་པོ་ཆེ་བླངས་པའི་ལོ་རྒྱུས་ཀྱི་ཚོར་བ་མྱངས་པ་རེད།
         སློབ་མཇུག་སྒྲིལ་བའི་མཛད་སྒོ་ཐོག ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འབྲེལ་ཡོད་འགན་ཁུར་པས་སློབ་མ་ཚོར་རྒྱལ་གཅེས་ཆོས་སྐྱོང་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཁྱོངས་དང་། ཆོས་ལུགས་མི་སྣའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ། རང་ཉིད་ཀྱི་བློ་སྦྱོང་དང་བྱང་ཚད་ཆད་མེད་ཇེ་མཐོར་གཏོང་དགོས་པའི་བླང་བྱ་ཞིབ་ཕྲ་བཏོན་གནང་བ་རེད། ནང་སར་མ་ཡོང་གོང་ལ་གསོ་སྐྱོང་འཛིན་གྲྭས་བོད་ལྗོངས་སྤྱི་ཚོགས་རིང་ལུགས་སློབ་ཁང་དུ་རྒྱལ་ཡོངས་ཀྱི་ཆོས་ལུགས་ཚོགས་འདུའི་དགོངས་དོན་དང་། ཆོས་ལུགས་སྲིད་ཇུས། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་བཅས་སློབ་སྦྱོང་བྱས་པ་རེད།  
    【1】  【2】  【3】  【4】  【5】
    ༄༅།བོད་ལྗོངས་ཀྱི་སྤྲུལ་སྐུ་སྐུ་སྐྱེ་གསར་པའི་གསོ་སྐྱོང་འཛིན་གྲྭ་ཧུའུ་ནན་དུ་སློབ་མཇུག་སྒྲིལ་བ།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།