འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲང་ཧའེ་རུ་སྨུག་པ་འཐིབས་ནས་རླངས་འཁོར་སྔ་གཞུག་གདོང་ཁ་བརྒྱབ་པའི་ཆག་སྒོ་
    བྱུང་བ་དང་ཆག་སྒོའི་ཁྲོད་དུ་མི་ཤི་གྲངས་9ཟིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་07ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཧྲང་ཧའེ་རུ་སྨུག་པ་འཐིབས་ནས་རླངས་འཁོར་སྔ་གཞུག་གདོང་ཁ་བརྒྱབ་པའི་ཆག་སྒོ་
བྱུང་བ་དང་ཆག་སྒོའི་ཁྲོད་དུ་མི་ཤི་གྲངས་9ཟིན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་6ཉིན་གྱི་ཞོགས་པར། ཧྲང་ཧའེ་ཕུའུ་ཏུང་ཁུལ་ཁོངས་ཀྱི་གཞུང་ལམ་S32དུ་སྨུག་པ་འཐིབས་ཏེ་རླངས་འཁོར་མང་པོ་སྔ་གཞུག་གདོང་ཁ་བརྒྱབ་པའི་ཆག་སྒོ་ཁག་གཉིས་བྱུང་བ་རེད། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་17གྱི་བར་དུ། རྐྱེན་ལམ་དུ་ཤོར་བའི་མི་གྲངས་9ཟིན་ཡོད་པ་དང་གཞན་མི་40ཙམ་སྨན་ཁང་དུ་སྐྱེལ་དགོས་བྱུང་བ་རེད། བརྟག་དཔྱད་རགས་ཙམ་བྱས་པ་ལྟར་ན། གཞུང་ལམ་S32ཐོག་གི་ཕུའུ་ཏུང་གནམ་གྲུ་འབབ་ཐང་དང་བར་ཐག་སྤྱི་ལེ་17ཙམ་ཡོད་པའི་ལམ་མཚམས་སུ་རླངས་འཁོར་མང་པོ་སྔ་གཞུག་གདོང་ཁ་བརྒྱབ་པའི་ཆག་སྒོ་བྱུང་བ་རེད། འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཤིག་གི་ནང་དུ་མི་4ཡོད་པ་ཕྱིར་དོན་ནས་མདུན་ཕྱོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱེད་སྐབས། གཤེར་འདྲེན་རླངས་འཁོར་ཕྱི་མ་དེས་བརྡུངས་ནས་ཐད་ཀར་མི་2ཤི། 
         རོགས་སྐྱོབ་བྱེད་རིམ་ཁྲོད་དུ་མི་དམངས་ཉེན་རྟོག་པས་ལམ་རྒྱུད་དུ་བརྟག་ཞིབ་བྱེད་སྐབས། གོང་གི་ཆག་སྒོ་བྱུང་སའི་རྒྱབ་ངོས་སྤྱི་ལེ་3ཙམ་ཟིན་པའི་མཚམས་སུ་ཨར་ལས་རླངས་འཁོར་ཞིག་སྔ་གཞུག་རླངས་འཁོར་ཆེ་གྲས་གཉིས་ཀྱིས་བརྡུངས་ནས་རླངས་འཁོར་ནང་གི་མི་5ཤི་འདུག་པ་ཤེས་རྟོགས་བྱུང་། 
         ཉིན་དེའི་ཕྱི་དྲོའི་ཆུ་ཚོད་17པའི་བར་དུ། སྨན་ཁང་དུ་མྱུར་སྐྱོབ་བྱེད་པར་བསྐྱལ་བ་མི་45ཡོད་པའི་ནང་མི་2མྱུར་སྐྱོབས་བྱས་ཀྱང་ཕན་གོ་མ་ཆོད་པར་ཤི་བ་དང་། རྨས་མ་གཞན་རྣམས་མྱུར་སྐྱོབ་གང་ཐུབ་བྱེད་བཞིན་ཡོད། དེའི་བར་དུ་རླངས་འཁོར་གྱི་ཆག་སྒོ་ལས་རྐྱེན་ལམ་དུ་ཤོར་བ་མི་གྲངས་མི་9བར་འཕར་ཡོད་པ་རེད།
         ད་ལྟའི་བར་དུ་ཆག་སྒོ་འབྱུང་རྐྱེན་བརྟག་ཞིབ་བྱེད་བཞིན་ཡོད་པ་རེད།
    ༄༅།།ཧྲང་ཧའེ་རུ་སྨུག་པ་འཐིབས་ནས་རླངས་འཁོར་སྔ་གཞུག་གདོང་ཁ་བརྒྱབ་པའི་ཆག་སྒོ་
བྱུང་བ་དང་ཆག་སྒོའི་ཁྲོད་དུ་མི་ཤི་གྲངས་9ཟིན་པ།
    ༄༅།།ཧྲང་ཧའེ་རུ་སྨུག་པ་འཐིབས་ནས་རླངས་འཁོར་སྔ་གཞུག་གདོང་ཁ་བརྒྱབ་པའི་ཆག་སྒོ་
བྱུང་བ་དང་ཆག་སྒོའི་ཁྲོད་དུ་མི་ཤི་གྲངས་9ཟིན་པ།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།