འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གིས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་07ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་ནས་ཤེས་རྟོགས་བྱས་པར་གཞིགས་ན། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན་གྲོ་མོ་རྫོང་གིས“གནད་སྨིན་དྲུག”གི་རྩ་དོན་ལ་ནན་པོར་གཞིགས་ནས། རྫོང་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་2506སློབ་གསོའི་དབུལ་སྒྲོལ་དང་། ཡུལ་གཞན་དུ་གནས་སྤོ། སྤྱི་ཚོགས་འགན་ལེན་མཐའ་སྐྱོང་། སྨན་བཅོས་རོགས་སྐྱོབ། ལས་ཞུགས་གཞན་སྒྱུར། སྣོད་བཅུད་དབུལ་སྒྲོལ། ཐོན་ལས་དབུལ་སྒྲོལ། སྟོབས་ཤུགས་གཅིག་སྒྲིལ་གྱིས་དབུལ་སྒྲོལ་སོགས་ཀྱི་འཆར་འགོད་ཁྱབ་ཁོངས་ནང་བཅུག་ནས་དུད་ཚང་དབུལ་པོའི་དབུལ་སྒྲོལ་བྱ་ཐབས་ཐད་འགན་ལེན་དང་འཆར་གཞི་ཡོད་པ་དང་། ཞིབ་ཕྲའི་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཏེ་སྔ་ཙམ་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་ཐུབ་པའི་བརྩོན་ལེན་བྱས་པ་རེད།
         འདི་ལོའི་ལོ་འགོར་བརྟག་ཞིབ་ཚོགས་ཆུང་བཙུགས་ནས་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་བརྟག་ཞིབ་བྱེད་པའི་བྱེད་སྒོ་སྤེལ་བ་རེད། བརྟག་ཞིབ་བྱས་པའི་རྨང་གཞིའི་ཐོག་གནད་སྨིན་དབུལ་སྐྱོར་ཐད“ཕྱིར་ལྟ་བྱེད་པའི”ལས་དོན་ཏན་ཏིག་སྤེལ་བ་དང་། “སྙན་ཞུ་གཅིག་དང་། དཔྱད་འདེམས་གཉིས། བརྟག་ཞིབ་གསུམ། ཞིབ་བཤེར་བཞི། ཡོངས་བསྒྲགས་ལྔ”སོགས་ཀྱི་གོ་རིམ་སྤྱོད་པ། དཔྱད་བརྗོད་དང་། གྲོས་བསྡུར། དཔྱད་འདེམས་བཅས་ཀྱི་གསལ་འབྱེད་བྱ་ཐབས་སྤྱོད་པ། དུད་ཚང་ལ་གཱ་ཡོད་པ་དང་། གྲོང་ཚོར་ལག་དེབ་ཡོད་པ། ཤང་ལ་ཟིན་དེབ་ཡོད་པ། རྫོང་ལ་ཡིག་ཚགས་ཡོད་པ་བཅས་ཀྱི་གསལ་འབྱེད་བྱ་ཡུལ་ནོར་འཛོལ་མེད་པ་དང་སྟོང་པར་མ་ལུས་པ་བྱས་ཐོག་གནད་སྨིན་གསལ་འབྱེད་ཀྱི“འགག་སྒོ”ནན་པོ་བསྲུངས་ཡོད་པ་རེད།
         ཞིང་ལས་རྣམ་གྲངས་གཉེར་བ་དང་རེ་ཞུ་བྱེད་པའི་ཐད་གྲོ་མོ་རྫོང་གི“ལོ་ལྔ་ཚན་བཅུ་གསུམ་པའི”དུས་སྐབས་ཀྱི་འཕེལ་རྒྱས་འཆར་འགོད་ཀྱི་རྩ་གནད་ལ་གཞིགས་ནས། ཆེད་དོན་ཞིབ་འཇུག་ཚོགས་འདུ་ཐེངས་གསུམ་འཚོགས་ཏེ་རིགས་པས་ཁུངས་སྐྱེལ་ཐེངས་མང་བྱས་པ་བརྒྱུད། དབུལ་སྐྱོར་རྣམ་གྲངས་གནད་སྨིན་བདམས་ཡོད་པ་རེད། དེ་དང་ཆབས་ཅིག་དབུལ་སྐྱོར་ཆེད་དོན་མ་དངུལ་གཏོང་བ་དང་རྣམ་གྲངས་ཀྱི་ཕན་འབྲས་བགོ་འགྲེམས་ཐད་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ཕྱོགས་པ་མཐའ་འཁྱོངས་བྱས་ཡོད་པ་རེད། འདི་ལོ་ཚུན་དུ། གྲོ་མོ་རྫོང་གིས་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཁག་23རེ་ཞུ་བྱས་པར་མ་དངུལ་སྒོར་དུང་ཕྱུར་1.6གཏོང་རྩིས་ཡོད་པ་རེད།
         གཞན་ཡང་། གྲོ་མོ་རྫོང་གིས་ད་དུང་གྲོང་ཚོ་ཧྲིལ་པོར་གེགས་རྗེས་བསྐྱར་སྐྲུན་དང་ཡུལ་གཞན་དུ་གནས་སྤོ་ཟུང་འབྲེལ་བྱས་ནས་འདི་ལོ་ཚུན་དུ་རྫོང་དེས་མ་དངུལ་སྒོར་ཁྲི་2630བཏང་ནས་དགྱེས་རུ་ཤང་དང་དུད་སྣ་ཤང་གི་དུད་ཚང་25ཡི་མང་ཚོགས་དབུལ་པོ་94གནས་སྤོ་བཀོད་སྒྲིག་གི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་དང་དུས་མཚུངས། མ་དངུལ་སྒོར་ཁྲི་2500བཏང་ནས་ཁྱད་ལྡན་གསོ་ཚགས་ལས་རིགས་དང་། འདེབས་འཛུགས་ལས་རིགས། ཡུལ་སྐོར་ཐོན་ལས་འཛུགས་སྐྱོང་སོགས་ཀྱི་རྗེས་མཐུད་ཐོན་ལས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཏེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་ནུས་ལྡན་བྱས་ཡོད་པ་རེད།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།