འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།སྐྱེས་རི་མ་མྱེས་བར་ཝོན་གྱི་གནམ་གཤིས་ལྟ་དཔྱད་ཚད་འཇལ་བས་མཚོ་བོད་ས་མཐོར་
    སའི་གོ་ལའི“དྲོད་ཚད”འཇལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་07ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྟོན་མཇུག་གི་དཔྱིད་ཟླ་བཅུ་པར་མཚོ་བོད་ས་མཐོའི་དབུས་སུ་གནས་པའི་སྐྱེས་རི་མ་མྱེས་བར་ཝོན་གྱི་རི་འདབས་སུ་ཁ་བ་ཆེན་པོ་བབས་པ་དང་། ལོ་35ལ་སླེབས་པའི་ཝང་ཅན་ཆུང་གིས་ཁ་བ་བུ་ཡུག་ལ་མ་འཛེམས་པར་སྐྱེས་རི་མ་མྱེས་བར་ཝོན་གྱི་རི་རྩེའི་གོ་ལ་ཧྲིལ་པོའི་རླུང་ཁམས་ཆེ་མོའི་རྩ་བརྟན་ལས་སྟེགས་ཀྱི་ཕྱི་རོལ་ཏུ་སྒྲིག་ཆས་བརྗེ་ལེན་བྱེད་བཞིན་ཡོད།
         “རྩ་བརྟན་ལས་སྟེགས་ཀྱི་དམིགས་བསལ་ལྟ་དཔྱད་ཚད་འཇལ་ནི་གནམ་གཤིས་སྡེ་ཚན་ནང་དམིགས་བསལ་ལས་རེས་ཀྱི་ཁོངས་སུ་གཏོགས་པས་རྒྱུན་གཏན་གྱི་ལས་རིགས་དུས་ཚོད་ནང་ལྟ་དཔྱད་ཚད་འཇལ་བྱེད་པ་ཕུད། ད་དུང་ལྟ་དཔྱད་ཚད་ལེན་ཡོ་ཆས་ལ་བཟོ་བཅོས་རྒྱག་རྒྱུར་དེ་བས་མཐོང་ཆེན་བྱས་ནས། ལྟ་དཔྱད་ཚད་འཇལ་གྱི་གྲངས་གཞིའི་རྒྱུན་མཐུད་རང་བཞིན་དང་བློས་འགེལ་རང་བཞིན་འགན་ལེན་དེ་བས་བྱེད་དགོས་ཀྱི་ཡོད”ཅེས་རླུང་ཁམས་ཆེ་མོའི་གྲུབ་ཆའི་དམིགས་བསལ་ལྟ་དཔྱད་ཚད་འཇལ་བྱེད་མཁན་སྐྱེས་རི་མ་མྱེས་བར་ཝོན་གྱི་རྩ་བརྟན་ལས་སྟེགས་ཀྱི་ལྟ་དཔྱད་ཚད་འཇལ་བ་ཝང་ཅན་ཆུང་གིས་བརྗོད།
         སྐྱེས་རི་མ་མྱེས་བར་ཝོན་གྱི་གོ་ལ་ཧྲིལ་པོའི་རླུང་ཁམས་ཆེན་པོའི་རྩ་བརྟན་ལས་སྟེགས་དེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་གི་སྐྱེས་རི་མ་མྱེས་བར་ཝོན་གྱི་རི་སྟེང་དུ་གནས་ཡོད་ཅིང་། 1994ལོར་བཙུགས་པའི་སྐྱེས་རི་མ་མྱེས་བར་ཝོན་གྱི་གོ་ལ་ཧྲིལ་པོའི་རླུང་ཁམས་ཆེ་མོའི་རྩ་བརྟན་ལས་སྟེགས་ནི་ཡོ་རོབ་དང་ཨེ་ཤེ་ཡ་སྐམ་ས་ཆེ་མོའི་སྐམ་སའི་དབུས་ཁུལ་རྣམ་པའི་གོ་ལ་ཧྲིལ་པོའི་རླུང་ཁམས་ཆེ་མོའི་རྩ་བའི་ཚད་གཞི་ལྟ་དཔྱད་ཚད་འཇལ་ས་ཚིགས་འབའ་ཞིག་དེ་རེད། དེ་གའི་དུས་ཡུན་རིང་པོ་དང་རྒྱུན་མཐུད་ངང་ལྟ་དཔྱད་ཚད་འཇལ་བྱས་པའི་གྲངས་གཞིས་འབྱུང་འགྱུར་གྱི་རླུང་ཁམས་ཆེ་མོའི་གྲུབ་ཆ་དང་གནམ་གཤིས་འགྱུར་ལྡོག་ཐད་ཉེན་གཏོང་དང་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད།
         “སྐྱེས་རི་མ་མྱེས་བར་ཝོན་གྱི་གོ་ལ་ཧྲིལ་པོའི་རླུང་ཁམས་ཆེན་པོའི་རྩ་བརྟན་ལས་སྟེགས་ནི་འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱི་ཡན་ལག་ལྟེ་གནས་ཤིག་ཡིན་པས། ང་ཚོས་རྒྱུན་མཐུད་ངང་དྲོད་ཁང་གི་རླུང་ཁམས་ཐད་གྲངས་གཞི་འཚོལ་བསྡུ་བྱེད་པ་དང་རྒྱུན་གཏན་གྱི་གནམ་གཤིས་གཞི་རྒྱུ་སྟེ་དཔེར་ན། བརླན་ཚད་དང་། རླུང་གནོན། ས་དྲོད། ཆར་ཆུ་འབབ་ཚད། རླུང་གི་མྱུར་ཚད་སོགས་ལ་ལྟ་དཔྱད་ཚད་འཇལ་བྱེད་ཀྱི་ཡོད། དེ་རྗེས་འཚོལ་བསྡུ་བྱས་པའི་མ་དཔེ་དང་གྲངས་གཞི་སོགས་འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱི་ཡན་ལག་ལྟེ་གནས་ཁག་ཏུ་སྐྱེལ་གྱི་ཡོད། དཔེར་ན། རླུང་གཟུགས་མ་དཔེ་ཨ་རིའི་ནོ་ཝ་ས་ཚིགས་སུ་སྐྱེལ་བ་དང་འགྱེད་འཕྲོའི་རིགས་ཀྱི་གྲངས་གཞི་དག་རི་ནེ་ཝར་བསྐྱལ་རྗེས་དུས་མཇུག་གི་དབྱེ་ཞིབ་བྱེད་ཀྱི་ཡོད”ཅེས་ཝང་ཅན་ཆུང་གིས་ངོ་སྤྲོད་བྱས།
         སྐྱེས་རི་མ་མྱེས་བར་ཝོན་གྱི་རྩ་བརྟན་ལས་སྟེགས་ཟི་ལིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་130ཙམ་ཆོད་པ་དང་། རི་ལམ་ཀྱག་ཀྱོག་མང་ཞིང་། ཉེ་འཁོར་དུ་སྔོ་ཁེབས་ཉུང་བ་དང་། ཐན་སྐྱོན་ཆེ་བའི་ཐང་རྒོད་དང་བྱེ་མས་ཁེངས་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་ཡིན་པས་འཚོ་སྡོད་བྱེད་མཁན་ཧ་ཅང་ཉུང་ཉུང་རེད། ལྟ་དཔྱད་ཚད་འཇལ་ས་ཚིགས་ཀྱི་ལས་དོན་མི་སྣས་རི་མཐོ་ས་དང་ས་བབ་མཐོ་ཁུལ་གྱི“མི་མེད་ལུང་སྟོང་ཁུལ”དུ་ཉིན་ལྟར་ཞོགས་པ་ཆུ་ཚད་7དང་སྐར་མ་30ནས་ཆུ་ཚོད་10པའི་བར་ལས་ཀའི་བརྒྱུད་རིམ་ལ་གཞིགས་ནས་རྒྱུན་གཏན་གྱི་འཚོལ་བསྡུ་བྱེད་པ་ཕུད། ད་དུང་དུས་ཚོད་གཞན་དག་ནང་གལ་ཏེ་ཆར་པ་འབབ་པ་དང་ཁ་བ་བཞུར་བའི་དུས་སུ་དུས་ཐོག་ཏུ་མ་དཔེ་འཚོལ་བསྡུ་བྱེད་པ་དང་རླུང་བུ་ཆེན་པོ་ལྡང་པའི་སྐབས་སུ་འཕྲལ་མ་ཉིད་དུ་སྒྲིག་ཆས་འཁོར་སྐྱོད་གནས་ཚུལ་ལ་ཞིབ་བཤེར་སོགས་བྱེད་ཀྱི་ཡོད།
         ལྟ་དཔྱད་ཚད་འཇལ་ས་ཚིགས་དེ་ཁེར་ཆགས་གླིང་ཕྲན་ཞིག་དང་འདྲ་བར་གཞན་དང་འབྲེལ་བ་ཆད་པ་ལྟར་དང་། རྒྱུན་གཏན་གྱི་སྔོ་ཚལ་དང་ཤིང་འབྲས་སོས་པ་དག་རི་གཤམ་ནས་འཁྱེར་དགོས་པ་ཕུད། ད་དུང་རི་སྟེང་གི་འཚོ་བའི་གད་སྙིགས་གསོག་འཇོག་བྱས་ནས་རི་གཤམ་དུ་དབོར་དགོས་ཀྱི་ཡོད། ཝང་ཅན་ཆུང་གིས“རི་སྟེང་དུ་ང་གཉིས་མི་གཉིས་ལས་མེད། ས་ཚིགས་སུ་ད་ཆ་མི་10ཡོད་པ་དང་ཚང་མས་ཉིན་བཅུ་རེར་ཐེངས་རེ་བརྗེ་ཡི་ཡོད”ཅེས་བརྗོད།
         ཝང་ཅན་ཆུང་གིས“མི་གཞན་གྱི་ཚན་ཞིབ་ཀྱི་སྤྲོ་སྣང་དང་གྲུབ་འབྲས་མྱོང་ཚོར་ཐུབ་སྲིད་ཀྱི་མ་རེད། ཡིན་ནའང་ངའི་ངོས་ནས་བརྗོད་ཚེ་འཚོལ་བསྡུ་བྱས་པའི་གྲངས་གཞི་དང་མ་དཔེས་འཛམ་གླིང་གནམ་གཤིས་ཀྱི་ཚན་ཞིབ་ལ་ལེགས་སྐྱེས་ཕུལ་བ་ཡིད་ལ་འཁོར་སྐབས། གྲུབ་འབྲས་གཟེངས་སུ་ཐོན་པའི་མྱོང་སྣང་ཚོར་ཡོང་གི་འདུག”ཅེས་བརྗོད།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།