འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་རྒྱལ་ཁབ་127དང་ཕན་ཚུན་རྒྱལ་གྲོལ་འཐུས་མཆན་འགོད་མི་དགོས་པར་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་07ཉིན། 15:13】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་7ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་པའི་ཚང་འཛོམས་གྲོས་ཚོགས་འཚོགས་པ་དང་། ཀྲུང་གོའི་སྤྱི་བདེ་པུའུ་ཡི་པུའུ་ཀྲང་གཞོན་པ་ཧོང་མིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་རྒྱལ་མཚམས་ནས་འགྲོ་འོང་བྱེད་དོན་དོ་དམ་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་གྱི་སྙན་ཞུ་ཕུལ་བ་རེད། འདས་པའི་ལོ་གསུམ་གྱི་རིང་ལ་རྒྱལ་ཡོངས་ཀྱི་རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་མི་གྲངས་བསྡོམས་འབོར་ལོ་རེར་ཆ་སྙོམས་སུ་འཕར་ཚད་6.7%ཟིན་ཞིང་། 2015ལོར་མི་ཐེངས་དུང་ཕྱུར་5.2ཟིན་ཡོད་པ་དང་། ད་ལོའི་ལོ་སྟོད་ལ་མི་ཐེངས་དུང་ཕྱུར་2.7ཟིན་པ་རེད།
         བསྡོམས་རྩིས་བྱས་པ་ལྟར་ན། མིག་སྔའི་བར་དུ་ཀྲུང་གོས་རྒྱལ་ཁབ་127དང་ཕན་ཚུན་རྒྱལ་གྲོལ་འཐུས་མཆན་འགོད་རིགས་སྣ་ཚོགས་མི་དགོས་པའི་གྲོས་མཐུན་བཞག་ཡོད་ལ། དེའི་ཁྲོད་དུ་རྒྱལ་གྲོལ་འཐུས་མཆན་ཕྱོགས་ཡོངས་འགོད་མི་དགོས་པའི་གྲོས་མཐུན་8ཚུད་་ཡོད་པ་དང་། རྒྱལ་ཁབ་39དང་རྒྱལ་གྲོལ་འཐུས་མཆན་འགོད་རྒྱུའི་འགྲོ་ལུགས་སྟབས་བདེ་བཟོ་རྒྱུའི་གྲོས་མཐུན་ནམ་བཀོད་སྒྲིག་63བཞག་པ་རེད།
         ཧོང་མིང་གིས་བཤད་དོན། རྒྱལ་ཁབ་ཕྱི་རུ་ཡུལ་སྐོར་དང་། སློབ་གཉེར། གཉེན་ཉེར་ཐུག་པར་འགྲོ་བ་སོགས་རྒྱུན་མཐུད་ངང་མང་དུ་འགྲོ་བཞིན་ཡོད་པ་དང་ཆབས་ཅིག་དམངས་ཚོགས་ཀྱིས་རྒྱལ་གྲོལ་ལམ་ཡིག་འགྲོ་ལུགས་འགྲིམ་སྟངས་སྟབས་བདེ་བཟོ་རྒྱུའི་རེ་འདོད་བྱེད་ཤུགས་སྔར་ལས་ཆེ་རུ་ཕྱིན་པས། རྒྱལ་མཚམས་ནས་འགྲོ་འོང་བྱེད་དོན་དོ་དམ་ལས་དོན་ལ་འགྲོ་འོང་བྱེད་མཁན་མི་གྲངས་མང་བ་དང་འགྲོ་འོང་བྱེད་མྱུར་མགྱོགས་པའི་གནོན་ཤུགས་ཧ་ཅང་ཆེན་པོ་འཕྲད་ཡོད་པ་རེད།
         མིག་སྔར་ཀྲུང་གོའི་ས་ཁུལ་ཆེས་མང་ཆེ་བའི་སྡོད་དམངས་ཀྱིས་ཐོབ་ཐང་ལག་འཁྱེར་དང་འདྲ་པར་སོགས་ཀྱི་དཔྱད་གཞིའི་ཡིག་ཆ་འདོན་སྤྲོད་བྱས་ཚེ་མི་སྒེར་རྒྱལ་མཚམས་ནས་འགྲོ་འོང་བྱ་རྒྱུའི་དཔང་ཡིག་ལེན་ཐུབ་ཅིང་། སྒེར་དོན་རྒྱལ་གྲོལ་ལམ་ཡིག་དཀྱུས་མ་ནུས་ལྡན་འཛིན་གྲངས་དུང་ཕྱུར་1.2ཟིན་ཡོད་པ་དང་། མིག་སྔར་ཀྲུང་གོའི་སྤྱི་དམངས་ཀྱི་ཡུལ་སྐོར་བྱ་ཡུལ་དུ་གྱུར་པའི་རྒྱལ་ཁབ་ཀྱི་གྲངས་ཀ་153ཟིན་ཡོད་པ་རེད།
         དེ་དང་དུས་མཚུངས་སུ་ཕྱི་རྒྱལ་བ་ཀྲུང་གོར་ཡོང་བར་འཐུས་མཆན་འགོད་པ་དང་། རྒྱལ་མཚམས་ནས་འགྲོ་འོང་བྱེད་པ། འགོར་སྡོད་དང་གནས་སྡོད་བྱེད་པ་སོགས་ལ་འཛིན་པའི་སྲིད་ཇུས་རྒྱུན་ཆད་མེད་པར་ལེགས་སུ་གཏོང་གི་ཡོད་ཅིང་། ཀྲུང་གོས་འགག་སྒོ་87དུ་རྒྱལ་ནང་དུ་ཡོང་བར་འཐུས་མཆན་འགོད་ས་བཙུགས་ཡོད་པ་དང་། གྲོང་ཁྱེར་15རུ་རྒྱལ་ཁབ་ཁ་ཤས་ཀྱི་ཕྱི་རྒྱལ་བ་ཆུ་ཚོད་72ནང་ཚུན་རྒྱལ་མཚམས་ནས་འགྲོ་འོང་བྱེད་པར་རྒྱལ་གྲོལ་འཐུས་མཆན་འགོད་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་ལ། ས་ཁུལ་རེ་འགར་རྒྱལ་ཁབ་ཁ་ཤས་ཀྱི་མི་སྣ་ཆུ་ཚོད་144ནང་ཚུན་དུ་རྒྱལ་ནང་དུ་ཡོང་བའམ་རྒྱལ་མཚམས་ལས་བརྒལ་བར་འཐུས་མཆན་འགོད་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པ་རེད།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།