འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱིར་བཏང་མིན་པའི་ལམ་བུ། བརྗིད་རླབས་ཆེ་བའི་སྙིང་སྟོབས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་06ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ལམ་བར་དུ་ཞིང་ཆེན་13བརྒྱུད་པ་དང་། དུས་ཡུན་ཟླ་གཅིག་དང་ཕྱེད་ཀའི་ནང་། ཁྱོན་ལམ་ཚད་སྤྱི་ལེ་ཁྲི་གཅིག་ལྷག་ཙམ་སྐྱོད་ཡོད།
           དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་ཆེད། ཀྲུང་དབྱང་རྩ་འཛུགས་པུས“རྒྱང་སྐྱོད་ལམ་བུའི་ཐོག་སླར་ཡང་སྐྱོད་པ”ཞེས་པའི་བརྗོད་བྱ་གཙོ་བོའི་བཅར་འདྲིའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། ཟླ་9ཚེས་7ཉིན་ཅང་ཤིས་རུའེ་ཅིན་ནས་འགོ་བཙུགས་པ་དང་། ཟླ་10པའི་ཟླ་དཀྱིལ་དུ་ཉིང་ཞ་ཀུའུ་ཡོན་རྩྭ་ཐང་དུ་མཇུག་འགྲིལ། སྨྱན་སྦྱོར་ཚན་པའི་གསར་འགོད་པ་500ལྷག་ཙམ་ད་རེས་ཀྱི“རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་། འབྱོར་འབྲིང་སྐྲུན་པའི་རྒྱལ་ཁ་ཡོངས་སུ་ལེན”ཞེས་པའི་བརྗོད་བྱ་གཙོ་བོའི་བཅར་འདྲིའི་བྱེད་སྒོར་ཞུགས་ནས། དམར་དམག་གི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པ་དང་ཆབས་ཅིག་བརྩེ་སེམས་ཟབ་མོ་དང་བསམ་བློ་ཟབ་པའི་གསར་འགྱུར་རྩོམ་ཡིག་1800ལྷག་ཙམ་བཀོད་པར་སྤྱི་ཚོགས་ཐོག་ཚོར་སྣང་ལན་ཆ་ཆེན་པོ་བྱུང་ཡོད་པ་རེད།
           ལོ་རྒྱུས་ཟབ་མོ་ལྡན་པའི་རྒྱང་སྐྱོད་ལམ་བུར་རི་མཐོ་གཡང་གཟར་དང་། ཉེན་ཁ་ཆེ་བའི་གཙང་པོ། མུ་མཐའ་མེད་པའི་རྩྭ་ཐང་སོགས་མང་པོ་བརྒལ་དགོས་ལ། ཁོར་ཡུག་ཤིན་ཏུ་ཞན་མོད། དམར་དམག་དཔོན་དམག་ཚོས་ད་དུང་དགྲ་བོ་དང་ཤི་གསོན་དམར་འཛིང་བྱས་ནས། འཛམ་གླིང་གི་དམག་དོན་ལོ་རྒྱུས་ཐོག་རྔམ་བརྗིད་ཆེ་བའི་དམག་འཁྲུག་གི་ལོ་རྒྱུས་བཞག་ཡོད་ལ། མི་ཡུལ་དུ་བྱས་རྗེས་ཀྱི་ངོ་མཚར་བཏོད་ཡོད་པ་རེད།
          དམག་འཁྲུག་གི་སྨུག་དུལ་སྔ་ས་ནས་ཡལ་མོད། འོན་ཀྱང་རྒྱང་སྐྱོད་ལམ་བུས་རྗེས་རབས་པ་ཚོའི་སེམས་ལ་གཡོ་འགུལ་ཐེབས་བཞིན་ཡོད་པ་རེད།
          སི་ཁྲོན་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་རོན་ཁྲང་ཨན་གྱིས་ཉིན་6རིང་རྔ་པ་ཀྲོའུ་བཙན་ལྷ་རྫོང་ཏ་ཡུང་གྲོང་རྡལ་དང་ཆུ་གར་གྲོང་རྡལ་དང་། མཛོད་དགེ་རྫོང་བན་ཡུལ་ཤང་། ཟུང་ཆུ་རྫོང་དམུ་དགེ་ས་ཁུལ་སོགས་ལ་སྔ་རྗེས་སུ་བཅར་འདྲི་བྱས།
          “ང་ཚོ་མཛོད་དགེ་རྫོང་དུ་མ་འབྱོར་གོང་གི་དགོང་མོར་དེ་གར་འདི་ལོའི་གངས་ཐོག་མ་དེ་བབས་འདུག གངས་བཞུར་རྗེས་རྩ་ཐང་གི་གཤོང་སར་ཆུ་འཁྱིལ་འདུག་པས། རྒྱང་ནས་ལྟ་དུས་སྐབས་དེ་དུས་དམར་དམག་སྐྱོད་མྱོང་བའི་འདམ་གཞོང་དང་གཉིས་སུ་མ་མཆིས། རྩྭ་ཐང་སྟེང་དུ་སྐྱོད་སྐབས། གཟབ་གཟབ་མ་བྱས་ན། ལྷམ་ལམ་སེང་རློན་པར་གྱུར་ནས་གྲང་ཤུར་ཤུར་གྱི་ལྷག་བསིལ་ཞིག་རྐང་མཐིལ་ནས་གཟུགས་པོ་ཡོངས་སུ་རྒྱག་ཡོང་གི་འདུག” ད་རེས་བཅར་འདྲིར་སྐྱོད་སྐབས། སྔོན་མ་སློབ་ཚན་གྱི་བརྗོད་དོན་དེ་དག་ང་ཚོའི་མིག་ལམ་དུ་ཁྲ་ལྷམ་མེར་འཁོར་གྱི་འདུག་ཅེས་རོན་ཁྲེང་ཨན་གྱིས་བཤད།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།