འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།དཀར་མཛེས་ཀྲོའུ་ཡི་རྒན་རྒོན་ཁྲི་9ལྷག་ཙམ་ལ་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་
    ཞུ་ཚད་ལྡན་ཅན་ལོངས་སུ་སྤྱོད་རྒྱུ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་06ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། སྨི་ངོས་གྲུ་10ལྷག་ཙམ་ཡོད་པའི་ནད་ཁང་ཞིག་ཏུ་ནད་ཁྲི་3བཀོད་སྒྲིག་བྱས་འདུག རྨོ་བོ་ཐེན་ཧྲེ་ཀྲེན་གྱིས་སྒེའུ་ཁུང་འགྲམ་གྱི་ནད་ཁྲིའི་སྟེང་ཉལ་ནས་སྨན་པ་ཀྲང་ཞའོ་པིང་གིས་ནད་ཁང་དུ་སྐོར་ཞིབ་བྱེད་པར་གཞོགས་འདེགས་བྱེད་བཞིན་འདུག དེ་ཡང་དཀར་མཛེས་ཀྲོའུ་དར་རྩེ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་ཁོག་ནད་ཚན་ཁག་གི་ནད་སྡོད་པུའུ་རུ་དར་རྩེ་མདོ་གྲོང་ཁྱེར་སྐྱེད་ཐང་ཤང་ཤན་ཕུང་གྲོང་ཚོ་གཉིས་པའི་རྨོ་བོ་ཐེན་ཧྲེ་ཀྲེན་ལ་དོས་དྲག་རང་བཞིན་གྱི་ཕོ་རྒྱུའི་གཉན་ཚད་དང་ཁྲག་ཤེད་མཐོ་བའི་ནད་ཕོག་པའི་རྐྱེན་གྱིས་ཉིན་བཞིའི་གོང་སྐྱིད་ཐང་ཤང་འཕྲོད་བསྟེན་སྨན་ཁང་ནས་གྲོང་ཁྱེར་སྨན་ཁང་དུ་སྨན་བཅོས་བྱེད་པར་བཏང་ཡོང་བ་ཞིག་ཡིན་ཞིང་། མིག་སྔའི་བར། རྨོ་བོ་ཐེན་ཧྲེ་ཀྲེན་དང་འདྲ་བའི་དཀར་མཛེས་ཀྲོའུ་ཡི་ལོ་65ཡན་གྱི་རྒན་རྒོན་ནད་པ་ཁྲི་9ལྷག་ཙམ་གྱིས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ཚད་ལྡན་ཅན་ལོངས་སུ་སྤྱོད་བཞིན་ཡོད་པ་རེད།
          དཀར་མཛེས་ཀྲོའུ་ལ་ཁྱོན་མི་འབོར་ཁྲི་110ལྷག་ཙམ་ཡོད་པའི་ནང་ལོ་65ཡན་གྱི་རྒན་རྒོན་ཁྲི་10ཡས་མས་ཡོད་པ་རེད། 2009ལོ་ནས་བཟུང་དཀར་མཛེས་ཀྲོའུ་ཡིས་ས་གནས་དེ་གའི་རྒྱུན་སྡོད་རྒན་རྒོན་ལ་དམིགས་ནས་ཚད་ལྡན་ཅན་གྱི་གློག་རྡུལ་ཡིག་ཚགས་བཟོས་ཤིང་། འདི་ལོའི་ཟླ་བརྒྱད་པ་བར་དཀར་མཛེས་ཀྲོའུ་ཡིས་ལོ་65ཡན་གྱི་རྒན་རྒོན་90208ལ་ཡིག་ཚགས་བཟོས་ཡོད་པ་རེད།
           རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ཚད་ལྡན་དུ་གཏོང་དགོས་པའི་བླང་བྱ་གཞིར་བཟུང་། ཁྲག་ཤེད་མཐོ་བ་དང་། གཅིན་སྙི་ཟ་ཁུ། སྨྱོ་ནད་ཚབས་ཆེན། འདུས་འདྲིལ་གཅོང་ནད་བཅས་ཚང་མ་ཚད་ལྡན་ཅན་གྱི་དོ་དམ་ཁྱབ་ཁོངས་སུ་ཚུད་ཡོད་པ་རེད། མཱ་གོ་ལིས་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་1000ནས་5000བར་ཡོད་པའི་དཀར་མཛེས་བོད་རིགས་ས་ཁུལ་དུ་ཁྲག་ཤེད་མཐོ་བའི་ནད་ནི་རྒན་རྒོན་གྱི་རྒྱུན་མཐོང་ནད་ཅིག་རེད། མིག་སྔར། དཀར་མཛེས་ཀྲོའུ་ཡིས་ཁྲག་ཤེད་མཐོ་བའི་ནད་པ་79885ལ་སྨན་བཅོས་བྱས་པའི་ནང་ལོ་65ཡན་གྱི་རྒན་རྒོན་གྱིས་30%བཟུང་གི་ཡོད་ཅེས་བཤད་པ་རེད།
           “ནད་ཆུང་གཞི་རིམ་དུ་བཅོས་པ་དང་། ནད་ཆེན་སྨན་ཁང་དུ་བཅོས་པ། དྲག་སྐྱེད་བྱུང་ན་ཡུལ་དུ་ལོག་པའི”རིམ་བགོས་སྨན་བཅོས་ལམ་ལུགས་དེས་སྨན་བཅོས་ཐོན་ཁུངས་དེ་བས་ལུགས་མཐུན་ངང་སྤྱོད་རྒྱུར་ཕན་པ་ཡོད་པ་རེད། ན་ནིང་《དཀར་མཛེས་ཀྲོའུ་ཡི་རིམ་བགོས་སྨན་བཅོས་ལམ་ལུགས་འཛུགས་སྐྱོང་ལག་བསྟར་ཇུས་གཞི་(ཚོད་ལྟའི་ལག་བསྟར)》(བསྡུས་མིང་ལ་《ཇུས་གཞི་་》)ལག་བསྟར་བྱེད་འགོ་ཚུགས་ཤིང་། 《ཇུས་གཞི་》ཡི་ནང་། འདི་ལོ་བར་དཀར་མཛེས་ཀྲོའུ་ཡི་གཞི་རིམ་དུ་སྨན་བཅོས་ཐོག་མ་བྱེད་ཚད་75%ཡན་ཟིན་དགོས་པ་དང་། རྫོང་ཁོངས་སུ་སྨན་བཅོས་བྱེད་ཚད་85%ཟིན་དགོས་པ། ཀྲོའུ་ཁོངས་སུ་སྨན་བཅོས་བྱེད་ཚད་90%ཟིན་དགོས་པ་བཅས་གཏན་འཁེལ་ཁ་གསལ་བྱས་ཡོད་པ་རེད། གོང་གི་དམིགས་ཚད་དག་མངོན་འགྱུར་བྱ་ཆེད། 《ཇུས་གཞི་》ཡི་ནང་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་སྨན་ཁང་ནས་སྨན་རིན་90%ནས་95%བར་རྩིས་ཞུ་བྱེད་ཆོག་པ་དང་དར་རྩེ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དང་འདྲ་བའི་ཀྲོའུ་ནང་ཁུལ་གྱི་རིམ་གཉིས་སྨན་ཁང་ནས་75%ནས་80%བར་གྱི་སྨན་རིན་རྩིས་ཞུ་བྱེད་ཆོག་པའི་གཏན་འབེབས་བྱས་ཡོད་པ་རེད།
            “ད་རེས་སྨན་ཁང་དུ་བསྡད་པར་སྨན་རིན་སྒོར་3000ཕྱིན་སོང་། རྩིས་ཞུ་བྱེད་ཆོག་པ་རྩིས་ཞུ་བྱས་རྗེས། རང་ཉིད་ཀྱིས་སྨན་རིན་སྒོར་600ལས་སྤྲོད་དགོས་མ་བྱུང”ཞེས་དང་། “ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་དང་འདྲ་བའི་རྒན་རྒོན་ལ་སྨན་བཅོས་ཞབས་ཞུ་ཡག་པོ་དེ་འདྲ་ཞིག་ལོངས་སུ་སྤྱོད་རྒྱུ་བྱུང་བ་མ་ཟད། ད་དུང་རང་གིས་སྨན་རིན་མང་པོ་གཏོང་དགོས་ཀྱི་མི་འདུག”ཅེས་རྨོ་བོ་ཐེན་ཧྲེ་ཀྲེན་གྱིས་བཤད་བྱུང་།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།