འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།རྫོང་བརྒྱའི་མི་ཁྲི་ཚོ་བརྒྱའི་གནད་སྨིན་དབུལ་སྐྱོར་གྱི་འོས་འགན་སྨན་བཅོས་བྱེད་སྒོ་
    སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་06ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱི་རྒྱབ་སྐྱོར་འོག་ཀྲུང་གོ་ཞིབ་འཇུག་རྣམ་པའི་སྨན་ཁང་སློབ་གླིང་དང་། ཀྲུང་ཧྭ་གསོ་རིག་ལྷན་ཚོགས་པེ་ཅིང་ཡན་ལག་ཚོགས་པ། སྨན་པས་སྨན་པ་འཁྲིད་པའི་དྲ་སྦྲེལ་སྨན་བཅོས་ལས་སྟེགས་བཅས་ཀྱིས་ཐུན་མོང་ཐོག་སྤེལ་བའི་རྫོང་བརྒྱའི་མི་ཁྲི་ཚོ་བརྒྱའི་གནད་སྨིན་བདེ་ཐང་དབུལ་སྐྱོར་གྱི་འོས་འགན་སྨན་བཅོས་བྱེད་སྒོ་གོང་ཚེས་ཉིན་པེ་ཅིང་དུ་སྤེལ་འགོ་ཚུགས་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་དེས་དམིགས་བསལ་དཀའ་ངལ་ཁུལ་གྱི་ཁྱབ་ཚུལ་ལ་དབྱེ་ཞིབ་གཏིང་ཟབ་དང་ཞིབ་ཚགས་སུ་བཏང་སྟེ། ཐོན་ཁུངས་གཅིག་སྡུད་ཀྱིས་ས་ཁོངས་ཁག་གཅིག་དབུལ་སྐྱོར་བྱ་ཡུལ་གཙོ་བོར་བརྩིས་ཏེ་ལས་དོན་སྤེལ་རྒྱུ་ཡིན་ཞིང་། ཕྱོགས་གཅིག་ནས་འོས་འགན་སྨན་བཅོས་བརྒྱུད་ས་ཁུལ་དབུལ་པོའི་མི་སེར་ལ་རིན་མེད་སྨན་བཅོས་བྱེད་པ་དང་ས་ཁུལ་དབུལ་པོའི་ནད་ཡམས་རེའུ་མིག་དང་སྨན་བཅོས་གནས་བབ་བརྟག་ཞིབ་གསལ་པོ་བྱས་ཏེ། གནས་དེའི་གནས་ཚུལ་དང་འཚམ་པའི་སྨན་བཅོས་ཇུས་གཞི་བཟོ་རྒྱུ་དང་། ཕྱོགས་གཞན་ཞིག་ནས་ས་ཁུལ་དབུལ་པོ་དེ་ཉིད་སྨན་པས་སྨན་པ་འཁྲིད་པའི་དྲ་སྦྲེལ་སྨན་བཅོས་ལས་སྟེགས་ནང་བཅུག་ནས། ས་ཁུལ་དབུལ་པོ་དང་ཀ་པ་རིམ་པ་གསུམ་པའི་སྨན་ཁང་དབར་ཡུན་རིང་འབྲེལ་གཏུག་བྱས་ཏེ། ས་ཁུལ་དབུལ་པོའི་མི་སེར་ཚོས་ནད་གཞི་ལྟ་བ་དང་སྨན་བཅོས་བྱ་རྒྱུར་ཐབས་ལམ་གཞན་ཞིག་མཁོ་འདོན་བྱས་ནས། རེ་བར་ས་ཁུལ་དབུལ་པོའི་མི་སེར་ལ་རོགས་རམ་བྱས་ཏེ་ནད་གཞི་ལྟ་དཀའ་བའི་དངོས་ཡོད་གནད་དོན་ཁག་གཅིག་ཐག་གཅོད་བྱ་རྒྱུ་ཡིན་པ་རེད། མིག་སྔར་ཅི་ལིང་ཞིང་ཆེན་དབྱི་ཐུང་མན་ཇུ་རིགས་རང་སྐྱོང་རྫོང་དུ་སྤེལ་བའི་འོས་འགན་སྨན་བཅོས་ལས་དོན་ལེགས་གྲུབ་ཟིན་པ་རེད།
           རྫོང་བརྒྱའི་མི་ཁྲི་ཚོ་བརྒྱའི་འདུ་འགོད་ནང་ཞུགས་པའི་སྨན་ཁང་གཙོ་བོ་པེ་ཅིང་སྨན་ཁང་། དྲན་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་སྤྱི་ཁྱབ་སྨན་ཁང་སོགས་ཀ་པ་རིམ་པ་གསུམ་པའི་སྨན་ཁང་དག་ཡོད་པ་རེད།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།