འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཏུང་གིས་དྲ་ཐོག་བརྒྱུད་འཚོང་གྱོད་གཞི་གསར་པ་60ལྷག་ཙམ་རྩད་ཆོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་06ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀོང་ཏུང་ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་དྲ་ཐོག་བརྒྱུད་འཚོང་ཉེས་གསོག་བྱེད་སྤྱོད་གསར་པར་རྡུང་རྡེག་གཏོང་བའི“རླུང་ཚུབ་21”གི་བྱ་སྤྱོད་སྤེལ་བ་དང་། བྱ་སྤྱོད་ཁྲོད་སྤྱི་བདེ་ལས་ཁུངས་ཀྱིས་དྲ་ཐོག་བརྒྱུད་འཚོང་གྱོད་གཞི་གསར་པ་60ལྷག་ཙམ་རྩད་ཆོད་པ་དང་། གྱོད་འབྲེལ་མ་དངུལ་སྒོར་དུང་ཕྱུར་20ལྷག་ཙམ་ཟིན་པ་རེད།
            ཀོང་ཏུང་ཞིང་ཆེན་སྤྱི་བདེ་ཐིང་དཔལ་འབྱོར་མྱུལ་ཞིབ་ཅུས་ཀྱིས་འཕྲལ་མར་ཆེད་དོན་གྱོད་གཞིའི་ཚོགས་ཆུང་བཙུགས་ནས་ཀོང་ཀྲོའུ་དང་། ཧྲེན་ཀྲེན། ཧྥོའོ་ཧྲན་སོགས་ས་གནས་ཀྱི་ཉེན་རྟོག་པ་བཀོད་སྒྲིག་བྱས་ཏེ་མྱུལ་ཞིབ་བྱས་ཤིང་། ཟླ་ལྔ་བསྟུད་མར་ནུས་ཤུགས་ཡོད་རྒུས་མྱུལ་ཞིབ་བྱས་པ་བརྒྱུད། འབྲེལ་ཡོད་ཉེས་གསོག་ཚོགས་པའི་དྲ་བ་དང་། མི་སྣའི་གྲུབ་ཆ། རྩ་འཛུགས་ཁྱབ་ཁོངས་བཅས་རྩད་ཆོད་པ་དང་། ཟླ་དགུ་པའི་ཟླ་དཀྱིལ་དུ་ས་གནས་ཁག་གི་སྤྱི་བདེས་འཛིན་བཟུང་ཚོགས་ཆུང་བཙུགས་ནས་ཀོང་ཤིས་དང་། ཉིང་ཞ། ཧྲང་ཧའེ། ཀྲེ་ཅང་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་10ལྷག་ཙམ་དང་ཀོང་ཏུང་ཧྥོའོ་ཧྲན་དང་། ཀོང་ཀྲོའུ། ཧྲེན་ཀྲེན་སོགས་གྲོང་ཁྱེར་དུ་འཛིན་བཟུང་བྱེད་པར་བསྐྱོད་དེ་ཉེས་གསོག་གི་ནག་ཚང་80ལྷག་ཙམ་མེད་པར་བཟོས་པ་དང་། ཉེས་གསོག་དོགས་ཅན་480ལྷག་ཙམ་འཛིན་བཟུང་བྱས་པ། གྱོད་འབྲེལ་རྩིས་ཐོ་550ལྷག་ཙམ་བཀག་འཇོག་བཅས་བྱས་པ་དང་། བཀག་འཇོག་བྱས་པའི་གྱོད་འབྲེལ་མ་དངུལ་དང་། ཁང་པའི་བདག་དབང་། ཚོང་ཁང་སོགས་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་4ལྷག་ཙམ་ཟིན་པ་རེད།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།