འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་སུའེ་ཙེར་གྱི་མ་རྩ་མཉམ་འཇོག་ཁེ་ལས་ཀྱིས་འཇར་མན་གྱི་འཁོར་ལམ་འཕྲུལ་
    འཁོར་ཀུང་སི་ཉོས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་04ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་1ཉིན་འབྱོར་བའི་ཆེད་གཏོང་གློག་འཕྲིན། ཀྲུང་གོ་དང་སུའེ་ཙེར་གྱིས་མ་རྩ་མཉམ་འཇོག་བྱས་པའི་མོ་ལི་ན་འཁོར་ལམ་ཁོངས་གཏོགས་ཀུང་སིས་ཚེས་1ཉིན་འཇར་མན་གྱི་དབུས་ཤར་རྒྱུད་ཀྱི་གྲོང་ཁྱེར་ཏེ་ཧྲའོ་རུ་རྩིས་སྤྲོད་མཛད་སྒོ་དང་ལས་འགོ་འཛུགས་པའི་རྟེན་འབྲེལ་མཛད་སྒོ་གཉེར་ནས་འཇར་མན་གྱི་ཏེ་ཧྲའོ་འཁོར་ལམ་འཕྲུལ་འཁོར་ཀུང་སི་དངོས་སུ་ཉོས་པ་རེད།
         ཏེ་ཧྲའོ་འཁོར་ལམ་འཕྲུལ་འཁོར་ཀུང་སིར་ད་བར་ལོ་120ཡི་ལོ་རྒྱུས་ཡོད་པ་དང་། ཉེ་བའི་ལོ་ཤས་རིང་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་མ་རྩ་རྡིབ་པའི་ཉེན་ཁར་ལྷུང་བ་དང་། ད་རེས་ཀུང་སི་ཉོ་སྒྲུབ་བྱས་པ་དེས་ཀུང་སི་དེར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཐོབ་པ་མ་ཟད། དེ་སྔའི་བཟོ་གྲྭའི་ལས་བཟོ་ཕལ་ཆེ་བ་རང་འཇགས་གནས་ཐུབ་རྒྱུ་དང་སླད་ཕྱིན་ཏེ་ཧྲའོ་ལ་ལས་ཞུགས་གོ་སྐབས་བརྒྱ་ཕྲག་མང་པོ་ཡོང་བ་བྱ་རྒྱུ་ཡིན་པ་རེད།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།