འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ནས"རྐུ་བ་དང་འཕྲོག་བཅོམ། ཁ་བསླུས"ཀྱི་
    ཉེས་གསོག་ལ་ཆེད་དམིགས་བྱ་སྤྱོད་སྤེལ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་04ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་31ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་རང་སྐྱོང་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས"རྐུ་བ་དང་འཕྲོག་བཅོམ། ཁ་བསླུས"ཀྱི་ཉེས་གསོག་ལ་ཆེད་དམིགས་བྱ་སྤྱོད་སྤེལ་རྒྱུའི་བརྙན་འཕྲིན་ཚོགས་འདུ་འཚོགས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པའམ་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་ཏང་ཨུ་ཧྲུའུ་ཅི། ཐིང་ཀྲང་ལིའུ་ཅང་ཚོགས་འདུ་ལ་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
         ཚོགས་འདུའི་ཐོག་མིག་སྔར་རྒྱུ་ནོར་མི་བདག་བདག་བཟུང་གི་ཉེས་གསོག་ཐོན་མང་བས། དེ་རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ལ་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་དུ་གྱུར་ཡོད། འདི་ལོའི་ཟླ་བཞི་པ་ནས་དགུ་པའི་བར། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རྐུ་རྒྱག་དང་། འཕྲོག་བཅོམ། བཙན་འཕྲོག་སོགས་རྐུ་འཕྲོག་སླུ་གསུམ་གྱི་གྱོད་གཞི་800རྩད་ཆོད་ནས་ཉེས་གསོག་དོགས་ཅན་502བཟུང་བ་དང་འབྲེལ།  ཉེས་གསོག་ཚོགས་པ་23གཏོར་ནས་སྒོར་ཁྲི་530ལྷག་ཙམ་གྱི་བརྐུས་དངུལ་དང་བརྐུས་དངོས་ཕྲོགས་ཡོད་ཅེས་བསྟན་ཡོད།
         ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་དུས་བབ་སྔར་བས་གསལ་རྟོགས་དང་གནད་དོན་ལ་སྣང་ཆེན་བྱས་ཏེ་རྐུ་འཕྲོག་སླུ་གསུམ་གྱི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ལས་དོན་གྱི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། མྱུལ་ཞིབ་བྱེད་སྟངས་ལ་སྔར་བས་འགྱུར་ལྡོག་གཏོང་བ།  རྡུང་རྡེག་གཏོང་སྟངས་གསར་དུ་གཏོད་པ། དཀའ་གནད་སེལ་བ་བཅས་ཀྱི་ཐོག་ནས་རྐུ་རྒྱག་དང་། འཕྲོག་བཅོམ། ཁ་བསླུས། བརྐུས་དངོས་འཚོང་བ་སོགས་ཐོན་མང་བའི་རྒྱུ་ནོར་མི་བདག་བདག་བཟུང་གི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་མཐའ་གཅིག་ཏུ་གཏོང་དགོས་པ་དང་། གཙོ་གནད་འབུར་དུ་ཐོན་པ་དང་བྱེད་ཐབས་ལ་ཤུགས་བརྒྱབ་ནས་རྐུ་འཕྲོག་སླུ་གསུམ་གྱི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་དགོས་པ། འགོ་ཁྲིད་ལ་ཤུགས་རྒྱག་པ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། རྐུ་འཕྲོག་སླུ་གསུམ་གྱི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ལ་སྔོན་དཔག་གི་གྲུབ་འབྲས་ཐོབ་རྒྱུར་འགན་ལེན་མཐའ་གཅིག་ཏུ་བྱས་ནས། རང་ལྗོངས་ཀྱིས་རྐུ་འཕྲོག་སླུ་གསུམ་གྱི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་དང་། རང་ལྗོངས་ཀྱི་སྤྱི་ཡོངས་དང་བརྟན་ལྷིང་ལ་སྲུང་སྐྱོང་། མི་དམངས་ཀྱི་བདེ་སྡོད་ལས་བརྩོན་ལ་འགན་ལེན་བཅས་བྱེད་ཆེད། ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་བླང་བྱ་བཏོན་པ་རེད།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།