འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།མཛོད་དགེའི“གློག་ཤུགས་རྒྱང་སྐྱོད”ཀྱིས། འབྲོག་པའི་འཚོ་བར་འོད་སྣང་སྦྱིན།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་24ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་ཡི་བྱང་རྒྱུད་ནི་རང་རྒྱལ་གྱི་འདམ་ར་ཆེན་པོ་བཞིའི་གྲས་སུ་གཏོགས་པའི་མཛོད་དགེའི་རྩྭ་ཐང་ཡིན། རྩྭ་ཐང་དེར་ན་འདམ་མང་བས་གཟབ་གཟབ་མ་བྱས་པར་དེའི་ནང་ལྷུངས་ཚེ་ཚེ་སྲོག་ལ་ཉེན་ཁ་འཕྲད་སྲིད་སྟབས། དེ་སྔ་གནས་དེར་མི་སྡེ་ཉུང་བ་མ་ཟད། སྲོག་ཆགས་ཀྱང་ཡོང་ནུས་ཀྱི་མེད་མོད། འོན་ཀྱང་དམར་དམག་རྒྱང་སྐྱོད་བྱེད་སྐབས་གནས་འདི་ནས་བསྐྱོད་མྱོང་ཡོད་པ་རེད། དེ་ནི་སི་ཁྲོན་རྔ་པའི་མཛོད་དགེ་རྫོང་གི་བན་ཡུལ་གྲོང་ཚོ་ཡིན་ཞིང་། སྔར་དམར་དམག་གིས་ཟུང་ཆུ་རྫོང་གི་དམུ་དགེ་ནས་ན་ཁའི་སྟེང་ཉིན་མཚན་7བསྐྱོད་རྗེས་འཕྲད་པའི་གྲོང་ཚོ་དང་པོ་དེ་ཡིན། སྐབས་དེ་དུས་གྲོང་ཚོར་ད་ལྟའི་གཞི་ཁྱོན་འདི་ལྟ་བུ་མ་མཆིས་པས་བསྡོམས་དུད་ཚང་12ལས་མེད་ཁར། མང་ཚོགས་རྣམས་ལྕི་འདམ་གྱིས་བརྩིགས་པའི་ཤིང་ཁང་ནང་སྡོད་ཀྱི་ཡོད།
         གྲོང་ཚོའི་འདབས་སུ“ཀྲུང་གོ་བཟོ་ཞིང་དམར་དམར་བན་ཡུལ་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང”ཞིག་ཡོད། རྡོ་རིང་དེ་ནི་རྒྱལ་ཁབ་གསར་འཛུགས་དམག་དཔོན་ཝང་ཕིང་གིས་གསུངས་པ་ལྟར་སྐབས་དེའི་ཡིད་སྐྱོ་ཞིང་བརྗིད་ཉམས་ལྡན་པའི་རྣམ་པ་བརྐོས་པ་ཞིག་མངོན་ཡོད། སྐབས་དེ་དུས་སྔོན་བསྐྱོད་དཔུང་སྡེར་གྲོང་ཚོའི་ནང་ནས་བཟའ་བཅའ་ཕྲན་ཙམ་རག་རྗེས་ཝང་ཕིང་གིས་བཀའ་ལྟར་རྗེས་ལ་ཡོད་པའི་དམག་མི་རྣམས་བསུ་བར་ཕྱིན། ཁོང་བན་ཡུལ་གཙང་པོའི་འགྲམ་དུ་སླེབས་སྐབས་འཐབ་འཛིང་པ་བདུན་བརྒྱ་བརྒྱད་བརྒྱ་ལྷག་ཙམ་ཕན་ཚུན་རྒྱབ་སྙེས་བྱས་ཏེ་ལྟོགས་ཤི་ཐེབས་པ་མཐོང་།
         ཡིན་ནའང་སྟོབས་ཟད་ཤུགས་རྫོགས་པའི་དཔུང་སྡེ་དེས་རྩྭ་ཐང་སྒྲོལ་མ་ཐག་གོ་མིན་ཏང་གི་སྔོག་བཤེར་དཔུང་སྡེའི་འགོག་རྒོལ་ལས་རྣམ་པར་རྒྱལ་བ་མ་ཟད། ད་དུང་དགྲ་ལག་ནས་གཡག་དང་། དྲེལ། འབྲུ་རིགས། གོ་མཚོན་སོགས་དངོས་ཟོག་རག་སྟེ་ཀན་ལྷོར་དཔུང་སྐྱོད་བྱེད་པར་མཐུན་རྐྱེན་བསྐྲུན་ཡོད།
         འགྱུར་བ་མེད་པའི་དད་སེམས་ལ་བརྟེན་ནས་དམར་དམག་གིས་རྩྭ་ཐང་བརྒལ་ཡོད། རྒྱང་བསྐྱོད་སྙིང་སྟོབས་ཀྱིས་རྩྭ་ཐང་ཐོག་བཞག་པ་མ་ཟད། ས་ཆ་འདིར་ཤུགས་རྐྱེན་དང་འགྱུར་ལྡོག་ཐེབས་བཞིན་ཡོད།
         འབྲོག་པའི་འཚོ་བ་ལེགས་སུ་གཏོང་ཆེད། འབྲོག་པ་གཞིས་ཆགས་ཀྱི་འཆར་གཞི་ལག་ལེན་ཤུགས་ཆེན་བསྟར་ཏེ་རྒྱལ་ལམ་དང་ཞིང་ཆེན་ལམ་བུ་མང་པོ་བཟོས་པས་རྫོང་ཡོངས་ཀྱི་གྲོང་ཚོ་96ཚང་མར་གྲོང་གསེབ་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པ་མ་ཟད། དྭངས་གཙང་གི་ཆུ་སྤྱོད་རྒྱུ་བྱུང་ཡོད། མ་གཞི་གནས་འདིར་གློག་ཤར་གཏོང་ཐུབ་རྒྱུ་ནི་ཧ་ཅང་དཀའ་མོ་ཞིག་ཡིན་ཡང་སྐྱེ་བོ་མང་པོས་དཀའ་བ་དུ་མ་ཁྱད་དུ་བསད་པས་ད་ཆ་ཟ་མ་དང་ཇ་བཟོ་སྐབས་དང་གོས་འཁྲུ་སྐབས་གློག་ཆས་བེད་སྤྱོད་རྒྱུ་བྱུང་ཡོད།
         མཛོད་དགེ་རྫོང་གི་ཆ་སྙོམས་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་3500ཟིན་པ་དང་ལོ་འཁོར་མོར་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་2དང་གྲང་ཤོས་སྐབས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་30ཟིན་གྱི་ཡོད། ས་མཐོའི་རྙོག་འཛིང་ཆེ་བའི་ས་གཤིས་ཀྱི་ཆ་རྐྱེན་དང་འགྱུར་ལྡོག་ཆེ་བའི་གནམ་གཤིས་དབང་གིས་ཨར་སྐྲུན་བྱེད་སྐབས་དཀའ་བ་ཚད་མེད་འཕྲད་ཀྱི་ཡོད།
         གློག་ཤར་གཏོང་ཐུབ་པ་བྱ་ཆེད། ལོ་ལྔ་ཚན་བཅུ་གཉིས་པའི་རིང་རྒྱལ་ཁབ་གློག་དྲས་མ་དངུལ་སྒོར་དུང་ཕྱུར་309བཏང་སྟེ“གློག་ཤུགས་མཁའ་ལམ”དང་། ཁྲོན་བོད་གློག་ཤུགས་དྲ་སྦྲེལ། བོད་རིགས་ས་ཁུལ་གྱི་གློག་མེད་པའི་ས་ཁུལ་འཛུགས་སྐྱོང་སོགས་གློག་ཤུགས་ལས་གྲྭ་རབ་དང་རིམ་པ་ལག་བསྟར་བྱས་ཏེ་བོད་རིགས་ས་ཁུལ་གྱི་མང་ཚོགས་ཁྲི་30ལྷག་ཙམ་གྱི་གློག་དཀོན་པའི་གནད་དོན་བསལ་ཡོད།
         གློག་ཤར་གཏོང་ཐུབ་པས་འབྲོག་པའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། གངས་རི་དང་རྩྭ་ཐང་ནི་སྔར་ལྟར་མི་མེད་ལུང་སྟོང་མ་ཡིན་པར། མཛེས་པའི་མཛོད་དགེའི་རྩྭ་ཐང་གིས་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འཕྲོག་བཞིན་མཆིས།
      

    ཕྱོགས་བསྡུས་གསར་འགྱུར།