འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཧེ་ཐི་རྒྱལ་ཁབ་ཏུ་བཙོན་པ་འབོར་ཆེན་བཙོན་ནས་བྲོས་པའི་དོན་རྐྱེན་བྱུང་བ་དང་ཉུང་མཐའ་
    ཡང་བཙོན་པ་174བྲོས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་24ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཧེ་ཐི་རྒྱལ་ཁབ་ཏུ་བཙོན་པ་འབོར་ཆེན་བཙོན་ནས་བྲོས་པའི་དོན་རྐྱེན་བྱུང་བ་དང་ཉུང་མཐའ་
ཡང་བཙོན་པ་174བྲོས་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་24ཉིན་ཧེ་ཐི་རྒྱལ་ཁབ་ཏུ་བཙོན་པ་འབོར་ཆེན་བཙོན་ནས་བྲོས་པའི་དོན་རྐྱེན་བྱུང་བ་སྟེ། བཙོན་པས་བཙོན་སྲུང་ཉེན་རྟོག་པ་ཞིག་བསད་རྗེས་མཚོན་ཆ་འཕྲོག་སྟེ་བཙོན་ནས་བྲོས་པ་དང་། ཉུང་མཐའ་ཡང་བཙོན་པ་174བྲོས་པ་རེད།
         ཧེ་ཐི་རྒྱལ་ཁབ་ཀྱི་ཁྲིམས་འཛིན་པུའུ་ཀྲང་ཁཱ་སྨི་ལེ་•ཨའེ་ཏེ་ཧྭ་ཡིས་ལུའུ་ཐོའུ་གསར་འགྱུར་ཁང་གི་གསར་འགོད་པར་དོན་རྐྱེན་དེ་ནི་ཧེ་ཐི་རྒྱལ་ཁབ་ཀྱི་རྒྱལ་ས་རྒྱལ་སྲས་གྲུ་ཁ་གྲོང་ཁྱེར་བྱང་རྒྱུད་ཀྱི་ཨར་ཁཱ་ཨེ་གྲོང་ཁྱེར་དུ་བྱུང་ཞིང་། བཙོན་སྲུང་ཉེན་རྟོག་པ་ཅིག་བསད་ཡོད་པ་དང་བཙོན་པ་ཞིག་བྲོས་འགྲོ་བའི་སྐབས་སུ་རྨས་སྐྱོན་ཕོག་ནས་ཤི་བ་རེད། ཉེན་རྟོག་ཕྱོགས་ཀྱིས་བྲོས་འགྲོ་བའི་བཙོན་པ་11འཛིན་བཟུང་བྱས་ཡོད་མོད། འོན་ཀྱང་ད་དུང་བཙོན་པ་174བྲོས་པ་རེད། བཙོན་པ་དེ་དག་གིས་བཙོན་པའི་གོས་གྱོན་མེད་པས་འཛིན་བཟུང་ལས་དོན་ལ་དཀའ་ཁག་ངེས་ཅན་བཟོས་པ་རེད། ཉེན་རྟོག་ཕྱོགས་ཀྱིས་བཙོན་ཁང་ཕྱོགས་སུ་བགྲོད་པའི་ལམ་བུ་ཁག་ཏུ་ཞིབ་བཤེར་ས་ཚིགས་བཙུགས་ཏེ་ལམ་འགྲོ་བར་ཞིབ་བཤེར་བྱེད་བཞིན་ཡོད་པ་རེད། ཧེ་ཐི་རྒྱལ་ཁབ་ཏུ་བཅའ་སྡོད་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་དཔུང་སྡེ་ཡང་སྔོག་བཤེར་འཛིན་བཟུང་ལས་དོན་ནང་ཞུགས་པ་རེད། ཧེ་ཐི་རྒྱལ་ཁབ་ལ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེ་མོ་ཁང་གིས་ཉིན་དེར་བདེ་སྲུང་ཐ་ཚིག་ཁྱབ་བསྒྲགས་བྱས་ནས་རང་རྒྱལ་ཁབ་ཀྱི་སྤྱི་དམངས་ཚོར་ས་ཁོངས་དེར་མི་འགྲོ་བའི་ཁ་ཏ་སློབ་འདོམས་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།