འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ལི་ཕི་ཡིས་ཀྲུང་གོའི་སྐྱེས་པའི་རྐང་རྩེད་སྤོ་ལོ་རུ་ཁག་གི་རྩལ་འཁྲིད་པ་གཙོ་བོའི་འགན་
    དངོས་སུ་བཞེས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་24ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལི་ཕི་ཡིས་ཀྲུང་གོའི་སྐྱེས་པའི་རྐང་རྩེད་སྤོ་ལོ་རུ་ཁག་གི་རྩལ་འཁྲིད་པ་གཙོ་བོའི་འགན་
དངོས་སུ་བཞེས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་22ཉིན་གྱི་དགོང་མོར་ཀྲུང་གོའི་རྐང་རྩེད་སྤོ་ལོ་མཐུན་ཚོགས་ཀྱི་གཞུང་ཕྱོགས་དྲ་ཚིགས་ནས་གསར་འགྱུར་སྤེལ་ཏེ་དབྱི་ཐ་ལི་རྒྱལ་ཁབ་ཀྱི་རྐང་རྩེད་སྤོ་ལོའི་རྩལ་འཁྲིད་པ་གཙོ་བོ་ལི་ཕི་(Marcello Lippi) ཀྲུང་གོའི་སྐྱེས་པའི་རྐང་རྩེད་སྤོ་ལོ་རུ་ཁག་གི་རྩལ་འཁྲིད་པ་གཙོ་བོར་དངོས་སུ་གྱུར་པ་རེད།
          རྐང་རྩེད་སྤོ་ལོ་མཐུན་ཚོགས་ཀྱིས་གསར་འགྱུར་ནང་ཀྲུང་གོའི་རྐང་རྩེད་སྤོ་ལོ་མཐུན་ཚོགས་རྒྱལ་ཁབ་རུ་ཁག་གི་རྩལ་འཁྲིད་པ་གདམ་གསེས་གདན་ཞུའི་གོ་རིམ་ལ་གཞིགས་ནས་ཕྱོགས་གཉིས་ཀས་མཛའ་མཐུན་གྲོས་མོལ་བྱས་པ་བརྒྱུད། ཀྲུང་གོའི་རྐང་རྩེད་སྤོ་ལོ་མཐུན་ཚོགས་ཀྱིས་2016ལོའི་ཟླ་10ཚེས་22ཉིན་ནས་བཟུང་མཱ་སའེ་ལོ་•ལི་ཕི་ཡིས་ཀྲུང་གོ་རྒྱལ་ཁབ་ཀྱི་སྐྱེས་པའི་རྐང་རྩེད་རུ་ཁག་གི་རྩལ་འཁྲིད་པ་གཙོ་བོའི་འགན་དངོས་སུ་བཞེས་རྒྱུར་གདན་ཞུས་སྐུལ་སྤྱོད་བྱེད་ཀྱི་ཡིན་ཞེས་བསྟན་པ་རེད།
         ཀྲུང་གོའི་རྐང་རྩེད་སྤོ་ལོ་མཐུན་ཚོགས་ཀྱིས་2016ལོའི་ཟླ་10ཚེས་28ཉིན་གྱི་དགོང་མོར་པེ་ཅིང་དུ་སྨྱན་སྦྱོར་ངོ་འཕྲོད་ཚོགས་འདུ་འཚོག་རྒྱུ་རེད།
    ༄༅།།ལི་ཕི་ཡིས་ཀྲུང་གོའི་སྐྱེས་པའི་རྐང་རྩེད་སྤོ་ལོ་རུ་ཁག་གི་རྩལ་འཁྲིད་པ་གཙོ་བོའི་འགན་
དངོས་སུ་བཞེས་པ།
      

    ཕྱོགས་བསྡུས་གསར་འགྱུར།