འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བརྡ་ཁྱབ་ལས་རིགས་ཀྱི་ལོའི་ཡོང་འབབ་འཛམ་གླིང་གི་ཨང་གཉིས་པར་སླེབས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་24ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་22ཉིན། རྒྱལ་ཁབ་བཟོ་ཚོང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀན་ལིན་གྱིས་2015ལོར་ཀྲུང་གོའི་བརྡ་ཁྱབ་ལས་རིགས་ཀྱི་ཡོང་འབབ་མི་དམངས་ཤོག་སྒོར་དུང་ཕྱུར་5973ཟིན་ནས་འཛམ་གླིང་བརྡ་ཁྱབ་ཁྲོམ་ར་གཉིས་པའི་གནས་བབ་སྔར་བས་གཏན་འཁེལ་བྱུང་ཡོད་ཅེས་བཤད།
         ཀན་ལིན་གྱིས་ཧའེ་ཁའུ་རུ་འཚོགས་པའི་སྐབས་23པའི་ཀྲུང་གོའི་རྒྱལ་སྤྱིའི་བརྡ་ཁྱབ་དུས་ཆེན་ཐོག“དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི”འཐབ་ཇུས་ལ་སྐུལ་མ་ཐེབས་པ་དང་དྲ་སྦྲེལ་དང་ལྷག་པར་དུ་སྒུལ་བདེའི་དྲ་སྦྲེལ་འཕེལ་རྒྱས་ཆེན་པོ་ཕྱིན་པའི་ཐོག་ཚོང་དོན་ཐོ་འགོད་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་ཕྱིན་པར་བརྟེན་རང་རྒྱལ་གྱི་ཁྲོམ་རའི་བྱེད་པོའི་གསོན་ཤུགས་ཆེས་ཆེར་འཕེལ་བ་དང་བརྡ་ཁྱབ་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཡོད། 2015ལོར། ཀྲུང་གོའི་བརྡ་ཁྱབ་ལས་རིགས་ཀྱི་ཡོང་འབབ་མི་དམངས་ཤོག་སྒོར་དུང་ཕྱུར་5973ཟིན་པ་དང་། བརྡ་ཁྱབ་ལས་རིགས་གཉེར་མཁན་ཚན་པ་ཁྲི་67ཡོད་པ། བརྡ་ཁྱབ་ཚན་པ་གསར་པ་ཁྲི་12.8མང་དུ་ཕྱིན་པ། ཉིན་ལྟར་ཆ་སྙོམས་ཁེ་ལས་གསར་པ་351མང་དུ་འགྲོ་བ་བཅས་ཀྱི་འཕར་ཚད་23.6%ཟིན་ཡོད། མི་ཁྲི་307ལ་ལས་ཀ་རག་པ་དང་ལས་གནས་གསར་པ་ཁྲི་35.5བཏོད་ནས་འཕར་ཚད་13%ཟིན་ཡོད་ཅེས་བཤད།
         ཀན་ལིན་གྱིས་བརྡ་ཁྱབ་ཀྱི་བཅའ་ཁྲིམས་གསར་པ་དང་དྲ་སྦྲེལ་གྱི་བརྡ་ཁྱབ་དོ་དམ་གྱི་གནས་སྐབས་ལག་བསྟར་བྱེད་ཐབས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་བཏོན་པ་དང་ལག་བསྟར་བྱས་པར་བརྟེན། རང་རྒྱལ་གྱི་བརྡ་ཁྱབ་ཁྲོམ་ར་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་མ་ཐེབས་པ་མ་ཟད། ཀྲུང་གོའི་དཔལ་འབྱོར་དང་རིག་གནས་དང་ཐ་ན་འཛམ་གླིང་གི་བརྡ་ཁྱབ་བརྒྱུད་བསྒྲགས་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།