འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲེན་ཀྲེན་དང་ཤང་ཀང་གི་མ་རྐང་འཛིན་ཤོག་ཁྲོམ་རའི་ཉོ་ཚོང་སྦྲེལ་མཐུད་ཤར་གཏོང་ལམ་
    སྲོལ་གྱི་《ཕྱོགས་བཞིའི་གྲོས་མཐུན་》ལ་དངོས་སུ་མིང་རྟགས་བཀོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་19ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་11ཉིན། ཧྲེན་ཀྲེན་འཛིན་ལོར་བརྗེ་རེས་སུའོ་དང་། ཤང་ཀང་མཉམ་འབྲེལ་ཉོ་ཚོང་སུའོ་ཚད་ཡོད་ཀུང་སི། ཀྲུང་གོ་འཛིན་ལོར་ཐོ་འགོད་བསྡོམས་རྩིས་ཚད་ཡོད་འགན་འཁྲི་ཀུང་སི། ཤང་ཀང་ཀྲུང་དབྱང་བསྡོམས་རྩིས་ཚད་ཡོད་ཀུང་སི་བཅས་ཀྱིས་ཧྲེན་ཀྲེན་དུ་ཧྲེན་ཀྲེན་དང་ཤང་ཀང་གི་མ་རྐང་འཛིན་ཤོག་ཁྲོམ་རའི་ཉོ་ཚོང་སྦྲེལ་མཐུད་ཤར་གཏོང་ལམ་སྲོལ་གྱི་《ཕྱོགས་བཞིའི་གྲོས་མཐུན་》ལ་ཐུན་མོང་ཐོག་མིང་རྟགས་བཀོད་པ་རེད།
         ཧྲེན་ཀྲེན་དངུལ་ལོར་བརྗེ་རེས་སུའོ་ཡི་ལས་འཛིན་ཀྲང་ཝུའུ་ལི་ཅུན་གྱིས། ཧྲེན་ཀྲེན་དང་ཤང་ཀང་གི་མ་རྐང་ཁྲོམ་རའི་ཉོ་ཚོང་སྦྲེལ་མཐུད་ཤར་གཏོང་ལམ་སྲོལ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀོད་སྒྲིག་གནང་བའི་མ་དངུལ་ཁྲོམ་རར་སྒྱུར་བཅོས་སྒེ་དབྱེ་བྱེད་པའི་དོན་ཆེན་ཞིག་ཡིན་པ་དང་། ཧྲེན་ཀྲེན་དང་ཤང་ཀང་གི་ས་ཁོངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ནང་ས་དང་ཤང་ཀང་གི་མ་རྐང་འཛིན་ཤོག་ཁྲོམ་ར་སྦྲེལ་མཐུད་དང་ཤར་གཏོང་བྱེད་ཚད་སྔར་བས་ཆེ་རུ་བཏང་སྟེ་ཁྱབ་རྒྱ་དེ་བས་ཆེ་བ་དང་། རིམ་པ་དེ་བས་མཐོ་བ། ཚད་གཞི་དེ་བས་མཐོ་བ་བཅས་ཀྱི་སྒོ་ནས་ནང་ས་དང་ཤང་ཀང་དབར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་མ་ཟད། རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་ཡིན་པའི་ཤང་ཀང་གི་གནས་བབ་སྲ་བརྟན་དང་མཐོ་རུ་བཏང་སྟེ་མ་རྩའི་ཁྲོམ་ར་ཕྱོགས་གཉིས་སུ་སྒོ་ཕྱེ་བ་དང་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཧྲེན་ཀྲེན་འཛིན་ལོར་བརྗེ་རེས་སུའོ་ཡིས་ཕྱོགས་ཁག་དང་མཉམ་ལས་དམ་ཟབ་བྱས་ཏེ་གྲ་སྒྲིག་ལས་དོན་མགྱོགས་མྱུར་ལེགས་གྲུབ་ཡོང་རྒྱུར་མཉམ་དུ་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བཤད།
         《ཕྱོགས་བཞིའི་གྲོས་མཐུན་》ལ་མིང་རྟགས་བཀོད་པ་དེ་ཐོག་ནས་ཧྲེན་ཀྲེན་དང་ཤང་ཀང་གི་མ་རྐང་འཛིན་ཤོག་ཁྲོམ་རའི་ཉོ་ཚོང་སྦྲེལ་མཐུད་དང་ཤར་གཏོང་ལམ་སྲོལ་གྱི་གྲ་སྒྲིག་ལས་དོན་འཕེལ་རིམ་གསར་པར་སླེབས་པ་མཚོན་པ་དང་། ཕྱོགས་ཁག་གིས་གོམ་སྟབས་རྗེས་མར་ས་ཁུལ་གཉིས་པོའི་ལྟ་སྐུལ་དོ་དམ་སྒྲིག་གཞིའི་ནུས་ལྡན་བཀོད་སྒྲིག་དང་མཛུབ་ཁྲིད་འོག་སྒྲིག་འཛུགས་ཞིབ་ཚགས་དང་ཞོགས་འདེགས་དམ་ཟབ་བྱས་ཏེ་ལོ་འདིའི་ནང་ཧྲེན་ཀྲེན་དང་ཤང་ཀང་གི་མ་རྐང་འཛིན་ཤོག་ཁྲོམ་རའི་ཉོ་ཚོང་སྦྲེལ་མཐུད་དང་ཤར་གཏོང་ལམ་སྲོལ་གྱི་ལས་འགན་བདེ་བླག་ངང་ལེགས་སྒྲུབ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།