འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།སའེ་ལི་མུའུ་མཚེའུ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་19ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།སའེ་ལི་མུའུ་མཚེའུ།
         མི་དམངས་དྲ་བའི་འཕྲིན། སའེ་ལི་མུའུ་མཚེའུ་ནི་ཐེན་ཧྲན་རི་བོའི་ནུབ་ཕྱོགས་དང་། ཇུན་གར་གཤོངས་སའི་ལྷོ་ནུབ་སྣེ་མོར་ཡོད་ཅིང་། ཤིན་ཅང་གི་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཤོས་དང་། རྒྱ་ཁྱོན་ཆེ་ཤོས། ཡུལ་ལྗོངས་མཛེས་ཤོས་བཅས་ཀྱི་རི་མཐོའི་མཚེའུ་ཞིག་ཡིན་པ་མ་ཟད། ནུབ་ཀྱི་རྒྱ་མཚོ་ཆེན་མོའི་དྲོད་གཤེར་རླུང་རྒྱུན་གྱི་མཐའ་མའི་འབྱོར་ཡུལ་ཡང་ཡིན་པས། “ནུབ་ཀྱི་རྒྱ་མཚོ་ཆེན་མོའི་མཐའ་མཇུག་གི་མིག་ཆུ་”ཞེས་པའི་བཤད་སྲོལ་ཡང་ཡོད། གནའ་བོའི་དུས་སྐབས་སུ་སའེ་ལི་མུའུ་མཚེའུ་ལ་“དག་པའི་མཚོ་”ཞེས་འབོད་ཀྱི་ཡོད་ཅིང་། ཤིན་ཅང་པོར་ཐ་ལ་ཀྲོའུ་པོ་ལེ་གྲོང་ཁྱེར་ཁོངས་ཀྱི་ཐེན་ཧྲན་རི་རྒྱུད་བྱང་མར་གནས་ཤིང་། དབྱི་ལི་ཀྲོའུ་ཧོ་ཁྲེང་རྫོང་དང་ཉེ་བ་དང་། མཚེའུ་ཡི་ངོས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2071ཡོད་ལ་། ཤར་ནས་ནུབ་བར་གྱི་རིང་ཚད་ལ་སྤྱི་ལེ་30དང་། ལྷོ་ནས་བྱང་བར་གྱི་ཞེང་ཚད་ལ་སྤྱི་ལེ་25། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་453བཅས་ཡོད་ཅིང་། ཆུ་བསགས་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་210ཟིན་ཡོད་པ་དང་། མཚེའུ་ཡི་ཆུ་དྭངས་ཤིང་གསལ་ལ་གསལ་ཚད་སྨི་12ཟིན་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】  【11】  【12】
    ༄༅།།སའེ་ལི་མུའུ་མཚེའུ།
      

    ཕྱོགས་བསྡུས་གསར་འགྱུར།