འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་གསར་གཏོད་ཐོན་རྫས་ཞེས་པ་ཤིས་ཧུའུ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ལ་ཞུགས་པ། 

    བོད་ལྗོངས་ཀྱི་གཞི་རྒྱུ་ཧང་ཀྲོའུ་རུ་མཐོང་རྒྱུ་ཡོད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་19ཉིན། 16:17】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། “ཀྲུང་གོ་ཧང་ཀྲོའུ་ཤིས་ཧུའུ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་བཅོ་བརྒྱད་པ”ཀྲེ་ཅང་ཧང་ཀྲོའུ་རུ་འགོ་ཚུགས་པ་རེད། བོད་ལྗོངས་རྩ་ཆེན་རིག་གནས་གསར་གཏོད་འཕེལ་རྒྱས་ཚད་ཡོད་ཀུང་སིའི་གཤམ་འོག་སྤུས་རྟགས་བོད་ཀྱི་གསར་གཏོད་ཐོན་རྫས་ཞེས་པ་དེས་ཕུན་སུམ་ཚོགས་པའི་བོད་རིགས་ས་ཁུལ་གྱི་ཐོན་ཁུངས་རྒྱབ་ལྗོངས་དང་དེ་བཞིན་ལས་རིགས་ཁག་གི་གསར་གཏོད་མི་སྣའི་ཐོན་ཁུངས་ལ་བརྟེན་ནས་ཧང་ཀྲོའུ་ཡི་གྲོང་མི་དང་ཡུལ་སྐོར་བར་བོད་ཀྱི་ཁྱད་འཕགས་རིག་གནས་བསྟན་ཡོད་པ་རེད།
         ད་ཐེངས་བོད་ཀྱི་གསར་གཏོད་ཐོན་རྫས་ནང་གཡག་རྟེན་རྫས་གླིང་དང་། ཞོལ་འདོད་དཔལ། མ་སྐྱེས་ཨ་མ། འབྲི་གུང་སྤོས་སོགས་བོད་ཀྱི་རང་གཏོད་སྤུས་རྟགས་14གདན་ཞུ་བྱས་ཏེ་ཐུན་མོང་ཐོག་བོད་ཀྱི་གསར་གཏོད་སྤུས་རྟགས་མནའ་འབྲེལ་བཙུགས་ནས་ད་ཐེངས་ཀྱི་ཤིས་ཧུའུ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ལ་ཞུགས་པ་རེད། གསར་གཏོད་བོད་ལྗོངས་སྤུས་རྟགས་མནའ་འབྲེལ་གྱིས་བོད་ཀྱི་ཁྱད་ཆོས་ཆེན་པོ་ལྡན་པའི་གསར་གཏོད་ཐོན་རྫས་དང་། ནགས་ཁྲོད་ཐོན་རྫས། དེ་བཞིན་ཡུལ་སྐོར་ཐོན་རྫས་བཅས་ཤིས་ཧུའུ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ཐོག་བཏོན་ཡོད།
         གསར་གཏོད་བོད་ལྗོངས་ཀྱིས་ཤིས་ཧུའུ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ཀྱི་འགོ་ཚུགས་འཛད་སྒོའི་ཉིན་མོ་དེར་ལྟ་སྐོར་བ་མང་པོའི་ཡིད་དབང་འཕྲོགས་པ་རེད། ལྟ་སྐོར་བྱེད་མཁན་གྲོང་མི་སྐུ་ཞབས་ཀྲང་ལགས་ཀྱིས“བོད་ཀྱི་ཡུལ་ལྗོངས་མཛེས་པོ་ཡོད་པ་ཤེས་ཀྱི་ཡོད། དེ་རིང་བོད་ཀྱི་གསར་གཏོད་ཐོན་རྫས་བརྒྱུད་ནས་བོད་ཀྱི་རིག་གནས་དེ་བས་རྒྱ་ཆེ་གཏིང་ཟབ་ཡིན་པ་ཤེས་བྱུང་། གོ་སྐབས་བྱུང་ཚེ། ང་བོད་དུ་ཡུལ་སྐོར་ལ་འགྲོ་གི་ཡིན”ཞེས་བཤད།
         ད་དུང་བོད་ལྗོངས་འགྲེམས་སྟེགས་ཀྱིས་བཏོན་པའི་ཞིང་ཞོར་ཐོན་རྫས་ལ་ཁྲོམ་ར་དང་འགྲེམས་སྟོན་ལ་ཞུགས་མཁན་ཚོའི་ཁས་ལེན་ཆེན་པོ་ཐོབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།