འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་སྐྱེས་པ་ཞིག་གིས་མེ་མདའ་བརྒྱབ་ནས་ཉེན་རྟོག་པ་བསད་
    པས་ཉེན་རྟོག་ཕྱོགས་ཀྱིས་དངུལ་སྒོར་ཁྲི་20ཡི་བདག་རྐྱེན་གནང་རྒྱུའི་
    འཛིན་བཟུང་གི་བཀའ་རྒྱ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་19ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་སྐྱེས་པ་ཞིག་གིས་མེ་མདའ་བརྒྱབ་ནས་ཉེན་རྟོག་པ་བསད་
པས་ཉེན་རྟོག་ཕྱོགས་ཀྱིས་དངུལ་སྒོར་ཁྲི་20ཡི་བདག་རྐྱེན་གནང་རྒྱུའི་
འཛིན་བཟུང་གི་བཀའ་རྒྱ་བཏང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་18ཉིན་གྱི་དགོང་མོར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་གཞུང་ཕྱོགས་ཀྱི་པོད་ཕྲན་གྱིས་གསར་འགྱུར་སྤེལ་ཏེ་2016ལོའི་ཟླ་10ཚེས་14ཉིན་གྱི་སྐྱ་རེངས་དུས་སུ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པས་སྨར་ཁམས་རྫོང་གྲུ་པ་རོང་ཤང་བར་སློང་གྲོང་ཚོའི་མཁར་དམར་ཚོ་ཆུང་དུ་འཛིན་བཟུང་ལས་འགན་སྒྲུབ་པའི་སྐབས་སུ་སྟབས་མ་ལེགས་པར་མདེའུ་ཕོག་ནས་དཔའ་ཉམས་ལྡན་པའི་ངང་རང་སྲོག་བློས་བཏང་བ་རེད།
         ཉེན་རྟོག་ཕྱོགས་ཀྱི་བདག་རྐྱེན་གནང་བའི་བརྡ་ཁྱབ་བཏང་ནས་མེ་མདའ་བཟུང་ཡོད་པའི་མི་བསད་བྲོས་བྱོལ་ཉེས་ཅན་རྒྱ་མཚོས་མིག་སྔར་ཉེས་འཁུར་བྲོས་བྱོལ་བྱེད་བཞིན་ཡོད་ཅིང་། ཉེས་ཅན་དེ་ནི་མི་གསོད་རྨས་གཏོང་བའི་ཉེན་ཁ་ཆེན་པོ་ཡོད་ལ་ངན་ཤེད་གདུག་རྩུབ་ཆེ་བ་ཞིག་ཀྱང་ཡིན་པས། རྒྱ་ཆེའི་གྲོང་མི་དང་གྲོགས་པོ་རྣམས་ཀྱིས་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཡིད་གཟབ་གནང་སྟེ་ཉེས་ཅན་དེ་མཐོང་བ་ཡིན་ན། དུས་ཐོག་ཧུར་ཐག་གིས་སྤྱི་བདེ་ལས་ཁུངས་ལ་ཁུངས་སྣེ་མཁོ་འདོན་བྱ་དགོས་པའི་རེ་བ་བྱེད་ཀྱི་ཡོད་པ་དང་། ཐད་ཀར་འཛིན་བཟུང་བྱས་པའམ་ཡང་ན་ཁུངས་སྣེ་གལ་ཆེན་མཁོ་འདོན་བྱས་ཏེ་ཉེས་ཅན་དེ་འཛིན་བཟུང་ཐུབ་པའི་ལས་ཁུངས་དང་མི་སྒེར་ལ་མི་དམངས་ཤོག་སྒོར་ཁྲི་20ཡི་བྱ་དགའ་སྤྲོད་རྒྱུ་ཡིན་པ་པ་མ་ཟད་ཉེན་རྟོག་ཕྱོགས་ཀྱིས་ཁུངས་སྣེ་འདོན་སྤྲོད་བྱེད་མཁན་སུ་ཡིན་གསང་སྲུང་ཡང་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།