འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།དམག་སྡེ་18པའི་རྗེས་རབས་པའི་བརྩམས་ཆོས་གསར་ཤོས་《པར་རིས་རྙིང་པ་དང་
    བོད་ལྗོངས་གསར་པ་》ཞེས་པའི་དེབ་བཞི་པ་པེ་ཅིང་དུ་པར་སྐྲུན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་19ཉིན། 16:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།དམག་སྡེ་18པའི་རྗེས་རབས་པའི་བརྩམས་ཆོས་གསར་ཤོས་《པར་རིས་རྙིང་པ་དང་
བོད་ལྗོངས་གསར་པ་》ཞེས་པའི་དེབ་བཞི་པ་པེ་ཅིང་དུ་པར་སྐྲུན་བྱས་པ།
         མི་དམངས་དྲ་བའི་འཕྲིན། 2016ལོའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་95འཁོར་བར་དྲན་གསོ་ཞུ་བའི་སྐབས་འདིར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལྗོངས་བཅིངས་འགྲོལ་བཏང་བ་དང་། འཛུགས་སྐྲུན་བྱས་པར་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ་མངོན་པའི་དོན་དམ་བཀོད་པའི་པར་རིས་ཕྱོགས་བསྒྲིགས་ཕྲེང་བརྒྱུད་མ་——《པར་རིས་རྙིང་པ་དང་བོད་ལྗོངས་གསར་པ་》ཞེས་པའི་དེབ་བཞི་པ་ཟླ་9ཚེས་18ཉིན་པེ་ཅིང་དུ་པར་སྐྲུན་འགྲེམས་སྤེལ་བྱས་པ་རེད།
         ཤེས་གསལ་ལྟར་ན། "པར་རིས་ཐོག་ནས་ལོ་རྒྱུས་གསལ་བཤད་"ཅེས་པའི་གཅེས་ཉར་པར་རིས་རྙིང་པ་སྟོང་ལྷག་ཕྱོགས་སྒྲིག་བྱས་པའི་པར་དེབ་འདིར་སྔོན་རྗེས་སུ་དུས་རབས་ཕྱེད་ཀའི་གོང་གི་བོད་ལྗོངས་ཀྱི་ལོ་རྒྱུས་ཀྱི་དོན་ཆེན་གལ་ཆེན་ཁ་ཤས་བཀོད་པ་དང་། མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལའེ། ཁྲེན་དབྱི་སོགས་རྒྱལ་ཁབ་ཀྱི་དབུ་ཁྲིད་རྒན་རབས་ཚོས་བོད་ལྗོངས་ལ་བྱམས་བརྩེ་ལྡན་པའི་ཐུགས་ཁུར་གནང་བར་བསྟོད་གླུ་ཕུལ་ཞིང་། བོད་ལྗོངས་བཅིངས་འགྲོལ་གཏོང་བ་དང་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་འབུལ་ཕོད་པ་མ་ཟད་དཔའ་མཛངས་རྟུལ་ཕོད་ཀྱིས་རང་སྲོག་བློས་བཏང་བའི་"བོད་སྐྱོད་པ་རྒན་གྲས་"700ལྷག་གི་དཔའ་བོའི་གཟུགས་བརྙན་མཚོན་པར་བྱས་པ་རེད།
         པར་རིས་ཕྱོགས་བསྒྲིགས་ནང་བཀོད་པའི་བོད་ལྗོངས་ལོ་རྒྱུས་སྐོར་གྱི་པར་རིས་རྙིང་པ་འདི་དག་ཧ་ལམ་ཚང་མ་པར་རིས་འབུལ་མཁན་ཚོས་གཅེས་ཉར་དུས་རབས་ཕྱེད་ཀ་ལྷག་བྱས་པ་དང་། འགྱུར་ལྡོག་ཆེན་པོ་དང་བར་ཆད་ཚད་མེད་བརྒྱུད་དེ་ད་ལྟའི་བར་ཉར་ཚགས་བྱས་ཤིང་། ཐོག་མར་ཡོངས་བསྒྲགས་སུ་འགྲེམས་སྤེལ་བྱས་པའི་རིན་ཐང་བྲལ་བའི་པར་དེབ་ཅིག་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】
    ༄༅།།དམག་སྡེ་18པའི་རྗེས་རབས་པའི་བརྩམས་ཆོས་གསར་ཤོས་《པར་རིས་རྙིང་པ་དང་
བོད་ལྗོངས་གསར་པ་》ཞེས་པའི་དེབ་བཞི་པ་པེ་ཅིང་དུ་པར་སྐྲུན་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།