འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་འདི་ཉིད་ཨུ་རུ་སུའི་རྒྱང་ཤར་ས་ཁུལ་གྱི་མ་འཇོག་ཡོང་ཁུངས་རྒྱལ་ཁབ་གཙོ་བོར་གྱུར་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་14ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཨུ་རུ་སུའི་རྒྱང་ཤར་འཕེལ་རྒྱས་པུའི་པུའུ་ཀྲང་ཅཱ་ལུའུ་ཧྲེ་ཁཱ་ཡིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། ཉེ་བའི་ལོ་གཅིག་ནང་། ཨུ་རུ་སུའི་རྒྱང་ཤར་ས་ཁུལ་གྱི་མ་འཇོག་བསྡོམས་འབོར་ཁྲོད་ཀྱི་14%ནི་ཀྲུང་གོའི་མ་འཇོག་ཡིན་པས། ཀྲུང་གོ་འདི་ཉིད་ས་ཁུལ་དེ་གའི་མ་འཇོག་ཡོང་ཁུངས་རྒྱལ་ཁབ་གཙོ་བོར་གྱུར་ཡོད་ཅེས་བཤད་པ་རེད།
         ཨུ་རུ་སུའི་《ཆ་འཕྲིན་ཚགས་པར་》ཐོག་ཚེས་12ཉིན་ཅཱ་ལུའུ་ཧྲེ་ཁཱ་ཡིས་ཚགས་པར་དེའི་བཅར་འདྲི་དང་ལེན་བྱེད་སྐབས་ཀྱི་རྩོམ་ཡིག་ཧྲིལ་པོ་བཀོད་ཡོད་པ་རེད། ཅཱ་ལུའུ་ཧྲེ་ཁཱ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་ལོ་གཅིག་ནང་ཀྲུང་གོས་ཨུ་རུ་སུའི་རྒྱང་ཤར་ས་ཁུལ་ལ་མ་འཇོག་བྱས་པའི་བསྡོམས་འབོར་ལུའུ་པུ་དུང་ཕྱུར་1750(ཨ་སྒོར་དུང་ཕྱུར་28དང་ཧ་ལམ་མཚུངས་)ཟིན་ཡོད་ཅེས་བཤད།
         ཅཱ་ལུའུ་ཧྲེ་ཁཱ་ཡིས། མིག་སྔའི་བར་ཨུ་རུ་སུའི་རྒྱང་ཤར་ས་ཁུལ་གྱིས་འདྲེན་འགུགས་བྱས་པའི་སྤྱིའི་མ་འཇོག་ལུའུ་པུ་དུང་ཕྱུར་ཁྲི་1.232(ཨ་སྒོར་དུང་ཕྱུར་197དང་ཧ་ལམ་མཚུངས་)ཟིན་པ་དེའི་ནང་ཨུ་རུ་སུས་ཟླ་9པའི་ཟླ་སྟོད་དུ་ཕུ་ལ་ཏི་ཨོ་སི་ཐུའོ་ཡིས་ཤར་ཕྱོགས་ཀྱི་དཔལ་འབྱོར་གླེང་སྟེགས་སྐབས་གཉིས་པ་གྲུབ་འབྲས་ཐོབ་པའི་སྒོ་ནས་གཉེར་ཚུན། ཨུ་རུ་སུའི་རྒྱང་ཤར་ས་ཁུལ་གྱི་མ་འཇོག་ལུའུ་པུ་དུང་ཕྱུར་1000ཙམ(ཨ་སྒོར་དུང་ཕྱུར་16དང་ཧ་ལམ་མཚུངས་)འགུགས་ཡོད་ཅེས་བསྟན་པ་རེད།
         ཅཱ་ལུའུ་ཧྲེ་ཁཱ་ཡིས། མིག་སྔར་ཨུ་རུ་སུའི་རྒྱང་ཤར་ས་ཁུལ་གྱིས་མ་འཇོག་ལམ་སྲོལ་གསར་པ་ཞིག་འཛུགས་བཞིན་ཡོད་པ་དང་། མ་འཇོག་བྱེད་འདོད་ཡོད་མཁན་ལ་གཏེར་ཁའི་ཐོན་ཁུངས་དང་ནགས་ལས་ཐོན་ཁུངས་སོགས་སྒོ་དབྱེ་རྒྱུ་རེད། མ་འཇོག་ལམ་སྲོལ་གསར་པའི་འབྲེལ་ཡོད་བཅའ་ཁྲིམས་སང་ལོའི་ལོ་དཀྱིལ་དུ་གྲོས་འཆམ་ཡོང་རྒྱུའི་རེ་བ་ཡོད་པ་དང་། སྔོན་དཔག་བྱས་ན། ཨུ་རུ་སུའི་རྒྱང་ཤར་ས་ཁུལ་གྱིས་མ་འཇོག་སྔར་བས་མང་བ་འགུགས་ཐབས་བྱས་ནས་ལས་ཞུགས་ལས་གནས་སྔར་བས་མང་བ་ཞིག་གཏོད་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།