འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་དངུལ་རྩའི་ལག་རྩལ་གྱི་ཚད་གཞི“ཕྱིར་སྐྱོད”བྱེད་པར་ཚད་བརྒལ་གལ་ཆེན་བྱུང་བ། 

    ཀྲུང་གོའི་དངུལ་ཁང་གཱ་མཉམ་འབྲེལ་རྩ་འཛུགས་ཀྱི་ཉིང་ལྷེབས་གཱ་ཡི་ཚད་གཞི་ཨེ་ཤེ་ཡར་ཁྱབ་གདལ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་14ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་12ཉིན་ཀྲུང་གོ་དངུལ་ཁང་གཱ་མཉམ་འབྲེལ་རྩ་འཛུགས་ཀྱིས་པེ་ཅིང་དུ་ཨེ་ཤེ་ཡའི་གཏོང་སྤྲོད་མནའ་འབྲེལ་གྱི་ཚོགས་མིའི་སྒྲིག་གཞི་དང་དངུལ་ཁང་གཱ་མཉམ་འབྲེལ་རྩ་འཛུགས་ཀྱི་ཉིང་ལྷེབས་གཱ་ཡི་ཚད་གཞི་ལག་ལེན་བསྟར་ཆོག་པའི་དབང་ཆ་སྤྲོད་པའི་གྲོས་མཐུན་བཞག་པ་དེ་ཐོག་ནས་རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་དངུལ་རྩའི་ཉིང་ལྷེབས་གཱ་ཡི་ཚད་གཞི་ཨེ་ཤེ་ཡ་ས་ཁུལ་ལ་ཁྱོན་ཡོངས་ནས་ཁྱབ་གདལ་བྱུང་བ་མཚོན་པ་མ་ཟད། རང་རྒྱལ་གྱི་དངུལ་རྩའི་ལག་རྩལ་ཚད་གཞི“ཕྱིར་སྐྱོད”བྱེད་པར་ཚད་བརྒལ་གལ་ཆེན་བྱུང་བའང་མཚོན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། གྲོས་མཐུན་བཞག་རྗེས་ཨེ་ཤེ་ཡའི་གཏོང་སྤྲོད་མནའ་འབྲེལ་གྱི་ཚོགས་མིས་ཀྲུང་གོའི་དངུལ་ཁང་གཱ་མཉམ་འབྲེལ་རྩ་འཛུགས་དང་ཉིང་ལྷེབས་གཱ་ཡི་ཚད་གཞི་ལག་བསྟར་ཆོག་པའི་དབང་ཆ་སྤྲོད་པའི་གྲོས་མཐུན་རིམ་པ་བཞིན་འཇོག་རྒྱུ་ཡིན་ཞིང་། ཚེས་12ཉིན་ཐེ་ལན་དང་། སིང་ཀ་ཕོར། ཧྥི་ལི་ཕིན། ཧན་གོ་སོགས་རྒྱལ་ཁབ་དྲུག་གི་ཚོགས་མིའི་སྒྲིག་གཞིར་དབང་ཆ་ཐོབ་ཡོད། དབང་ཆ་ཆ་ཚང་ཐོབ་རྗེས་ཨེ་ཤེ་ཡའི་གཏོང་སྤྲོད་མནའ་འབྲེལ་གྱི་རྒྱལ་ཁབ་11གི་ཚོགས་མིས་དངུལ་ཁང་གཱ་མཉམ་འབྲེལ་རྩ་འཛུགས་ཀྱི་ཉིང་ལྷེབས་གཱ་ཡི་ཚད་གཞི་གཱ་བདག་སྤྲོད་དང་སྤྲོད་པའི་ལས་སྒོའི་ལག་རྩལ་གྱི་ཚད་གཞིར་འཛིན་ཏེ་ཁོངས་མིའི་སྒྲིག་གཞིས་བཏོན་པའི་ཨེ་ཤེ་ཡའི་གཏོང་སྤྲོད་མནའ་འབྲེལ་གྱི་སྤུས་རྟགས་གཱ་ཚང་མར་དངུལ་ཁང་གཱ་མཉམ་འབྲེལ་རྩ་འཛུགས་ཀྱི་ཉིང་ལྷེབས་གཱ་ཡི་ཚད་གཞི་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
         ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོ་ཞིག་གི་དངུལ་ཁང་གཱ་ཁབ་ལེན་ལྕགས་ཀྱི་གཱ་ནས་ཉིང་ལྷེབས་གཱ་ལ་བསྒྱུར་དགོས་ཀྱི་ཡོད། ན་ནིང་ཨེ་ཤེ་ཡ་གཏོང་སྤྲོད་མནའ་འབྲེལ་གྱིས་འོས་དཔོད་འོས་སྐུལ་བྱས་ཏེ་རྒྱལ་སྤྱིའི་དངུལ་ཁང་གཱ་སྤུས་རྟགས་ཀྱི་ཉིང་ལྷེབས་གཱ་ཡི་ཚད་གཞིར་བསྡུར་བ་བཏང་མཐར་རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་དངུལ་རྩའི་ཉིང་ལྷེབས་གཱ་ཡི་ཚད་གཞི་ལག་ལེན་བསྟར་རྒྱུའི་ཐག་བཅད། ད་ཐེངས་དབང་ཆ་སྤྲད་པ་དེ་ལས་དངུལ་ཁང་གཱ་མཉམ་འབྲེལ་རྩ་འཛུགས་དང་མངའ་ཁོངས་ཕྱིའི་གཏོང་སྤྲོད་ལས་རིགས་དབར་གྱི་མཉམ་ལས་དེ་ལས་སྒོའི་མཉམ་ལས་ཁོ་ན་ནས་ཐོན་རྫས་དང་ཚད་གཞི་སོགས་ཕྱོགས་ཡོངས་མཉམ་ལས་བྱེད་པའི་བར་འགྱུར་ལྡོག་བྱུང་བ་མཚོན་གྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།