འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ནེ་པ་ལའི་ཀྲུང་ཧྭ་དགོན་ལ་བོད་བརྒྱུད་ནང་བསྟན་གྱི་གསུང་རབ་བསྩལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་14ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ནེ་པ་ལའི་ལུམ་བིའི་ཚལ་དུ་གནས་པའི་ཀྲུང་ཧྭ་དགོན་ལ་ཉེ་དུས་མཛད་སྒོ་གཟབ་རྒྱས་འཚོགས་ནས་བོད་ཀྱི་ཕྱག་རྟགས་རྩ་ཆེན་ལྷ་སའི་དཔར་གཞིའི་《བཀའ་འགྱུར་》པོ་ཏི་100དང་《བསྟན་འགྱུར་》པོ་ཏི་225རྩིས་ལེན་བྱས་པ་རེད།
         ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝུའུ་ཁྲུན་ཐའེ་ཡི་གཙོ་སྐྱོང་འོག་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་སྤྲུལ་སྐུ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་བོད་ཡིག་གི་བཀའ་བསྟན་འགྱུར་སྲུང་སྐྱེལ་ཚོགས་པའི་སྣེ་འཁྲིད་དེ་ཚེས་9ཉིན་བོད་བརྒྱུད་ནང་བསྟན་གྱི་གསུང་རབ་དེ་དག་ཀྲུང་ཧྭ་དགོན་ལ་བསྩལ་བ་རེད། ཀྲུང་ཧྭ་དགོན་གྱི་གྲྭ་དམངས་དང་། དགེ་བསྙེན། ཀྲུང་ཧྭ་དགོན་གྱི་རོགས་རམ་ཐོབ་པའི་ནེ་པ་ལའི་བྱང་ཆུབ་སློབ་གླིང་གི་སློབ་མ་ཚོས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོའི་དཔང་པོ་བྱས་པ་རེད།
         ཀྲུང་ཧྭ་དགོན་ཅན་ཡོན་གྱི་ཆོས་དཔོན་ཀྲུང་ཡུང་གིས་ཚེས་12ཉིན་གསར་འགོད་པར་ཤིང་པར་གྱི་བཀའ་བསྟན་འགྱུར་གྱི་ལྗིད་ཚད་ལ་ཏུན་1.5ཡོད་པ་མ་ཟད། དེ་དག་བོད་ནས་ལུམ་བིའི་ཚལ་དུ་རླངས་འཁོར་ཆེན་པོའི་ནང་དབོར་བ་ཞིག་རེད། ནེ་པ་ལའི་མངའ་ཁོངས་ནང་ཕྱོགས་མང་པོར་རི་ཉིལ་བའི་དབང་གིས་སྐབས་རེར་མིས་དབོར་དགོས་པར་བརྟེན་དུས་ཚོད་ཟླ་ཕྱེད་ལྷག་ཙམ་འགོར་ཡོད་ཅེས་བརྗོད་བྱུང་།
         2014ལོའི་ཟླ་10པར་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་ནེ་པ་ལར་འཚམས་འདྲིར་ཕེབས་སྐབས་ཀྲུང་ཧྭ་དགོན་ལ་བོད་བརྒྱུད་ནང་བསྟན་གྱི་གསུང་རབ་དེ་དག་གནང་རྒྱུའི་ཞལ་བཞེས་གནང་ནས་ཀྲུང་གོ་ནང་བསྟན་གྱི་ཕྱི་རྒྱལ་དུ་ཡོད་པའི་དགོན་པ་འབའ་ཞིག་ཡིན་པ་དེས་ཀྲུང་གོ་ནང་བསྟན་གྱི་རིག་གནས་སྔར་བས་དར་སྤེལ་ཡག་པོ་གཏོང་བ་དང་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་ཆེད་ལེགས་སྐྱེས་ཕུལ་རྒྱུར་རྒྱབ་སྐྱོར་བྱས་པ་ཞིག་རེད།
         སྤེལ་རེས་བྱེད་སྒོའི་ནང་སྤྲུལ་སྐུ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་དགོན་པ་དེས་ཀྲུང་གོ་ནང་བསྟན་གྱི་རིག་གནས་མུ་མཐུད་དར་སྤེལ་བཏང་ནས་རྒྱལ་སྤྱིའི་དབར་སྤེལ་རེས་ཧུར་ཐག་བྱས་ཏེ་ས་གནས་དེའི་སྤྱི་ཚོགས་ལ་སྔར་བས་ཞབས་འདེགས་ཡག་པོ་ཞུས་ནས་བྱ་བ་དངོས་དང་བྱ་བ་བཟང་པོ་གང་མང་སྒྲུབ་དགོས་པའི་ཐུགས་རེ་གནང་བ་རེད། བོད་ཡིག་གི་བཀའ་བསྟན་འགྱུར་སྲུང་སྐྱེལ་ཚོགས་པ་ཚེས་12ཉིན་ནེ་པ་ལ་ནས་བོད་དུ་ཕྱིར་ལོག་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།