འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཚན་རིག་མཁས་ཅན་ལ་ཤིན་ཏུ་གྲང་བའི་རྡུལ་ཕྲ་རབ་དང་ཚད་རྡུལ་གྱི་འདྲ་བཟོའི་
    ཁྱབ་ཁོངས་ཐད་ཚད་བརྒལ་ཆེན་པོ་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་13ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཀྲུང་གོ་ཚན་རིག་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་དང་པེ་ཅིང་སློབ་ཆེན་གྱི་འབྲེལ་ཡོད་ཞིབ་འཇུག་མི་སྣ་ལས་གྲུབ་པའི་མཉམ་འབྲེལ་ཚོགས་པར་ཤིན་ཏུ་གྲང་བའི་རྡུལ་ཕྲ་རབ་དང་ཚད་རྡུལ་གྱི་འདྲ་བཟོའི་ཁྱབ་ཁོངས་ཐད་ཚད་བརྒལ་ཆེན་པོ་བྱུང་ཡོད། ཀྲུང་གོ་ཚན་རིག་སློབ་ཆེན་དང་པེ་ཅིང་སློབ་ཆེན་མཉམ་འབྲེལ་ཚོགས་པས་རྒྱལ་སྤྱིའི་ཐོག་ཤིན་ཏུ་གྲང་བའི་རྡུལ་ཕྲ་རབ་ཀྱི་རང་སྐོར་འཁོར་ལམ་མཐུན་འགྱུར་གྱི་མི་བཟོས་མཉམ་སྒྲིག་གི་རིགས་པའི་གཞུང་ལུགས་ཐེངས་དང་པོ་བཏོན་པ་དང་འབྲེལ་ཚོད་ལྟ་ལེགས་གྲུབ་བྱུང་ནས་རང་སྐོར་འཁོར་ལམ་མཐུན་འགྱུར་ལས་བྱུང་བའི་ཡ་མཚན་ཅན་གྱི་ཐོ་ཕུའི་ཚད་རྡུལ་དངོས་གཤིས་ཚད་ལེན་ཐུབ་ཡོད། ཚད་བརྒལ་འགག་རྩ་དེས་ཡ་མཚན་ཅན་གྱི་ཐོ་ཕུའི་ཚད་རྡུལ་ཆགས་ཚུལ་གྱི་ཞིབ་འཇུག་ལ་ཕན་པ་ཐོབ་ནས་མི་རྣམས་ཀྱིས་དངོས་པོའི་འཇིག་རྟེན་ལ་ཤེས་རྟོགས་གཏིང་ཟབ་བྱ་རྒྱུར་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་རེད། མཉམ་ལས་ཀྱི་གྲུབ་འབྲས་དེ་རྩོམ་ཡིག་གི་རྣམ་པའི་ཐོག་ནས་རྒྱལ་སྤྱིའི་དབང་གྲགས་ལྡན་པའི་རིག་གཞུང་དུས་དེབ་《ཚན་རིག་》གི་འདོན་ཐེངས་གསར་ཤོས་ཐོག་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།