འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱི་རིག་གནས་དང་བླངས་པ་བོད་ལ་ཡོང་ནས་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་13ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཚོང་འཕྲིན་ཐོག་གནས་ཚུལ་སྤེལ་བ་ལྟར་ན། སི་ཁྲོན་ཞིང་ཆེན་རིག་གནས་ཐིང་དང་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཙོ་གཉེར་བྱས་པ་དང་སི་ཁྲོན་ཞིང་ཆེན་རིག་གནས་ཁང་དང་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས)གིས་གཉེར་འགན་འཁུར་བའི་2016ལོའི“སྦྲང་ཆར་ཟིལ་མའི་འདུ་འགོད”ཀྱི་སི་ཁྲོན་ཞིང་ཆེན་གྱི་རིག་གནས་དང་བླངས་པའི་བོད་བསྐྱོད་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་ཚུགས་པ་རེད།
         སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གི་འགན་འཁུར་བས་བྱེད་སྒོའི་ནང་འགྲེམས་སྟེགས་དང་འཆད་སྟེགས་ཆེན་པོ་གཉིས་ཚུད་པ་དང་རྒྱ་བོད་རིག་གནས་སྤེལ་རེས་ཀྱི་བཞུགས་མོལ་དང་། སྒྱུ་རྩལ་གསར་གཏོད་ཀྱི་ཆེད་དོན་འཆད་ཁྲིད། ཡིག་རིས་བརྙན་གསུམ་གྱི་མཚོན་བྱེད་རང་བཞིན་ལྡན་པའི་བརྩམས་ཆོས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་གཉེར་ཏེ་སི་ཁྲོན་གྱི་ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་དང་མང་ཚོགས་ཀྱིས་རིག་གནས་འཕེལ་རྒྱས་བཏང་བའི་ཕུལ་བྱུང་གྲུབ་འབྲས་མངོན་པ་བྱ་རྒྱུ་རེད། ཉེ་བའི་ལོ་ཤས་རིང་། བོད་ཀྱི་རིམ་ལྔའི་སྤྱི་པའི་རིག་གནས་སྒྲིག་བཀོད་ཀྱི་དྲ་རྒྱ་དང་གྲངས་འཛིན་ཅན་གྱི་ཞབས་ཞུའི་དྲ་རྒྱ་རགས་ཙམ་བསྐྲུན་ཟིན་ནས་སྤྱི་པའི་རིག་གནས་སྒྲིག་བཀོད་ཕྱི་ཕྱོགས་སུ་སྒོ་ཐེངས་ཁྲི5ཙམ་ཕྱེ་སྟེ་གཞི་རིམ་མང་ཚོགས་ལ་རིག་རྩལ་འཁྲབ་སྟོན་ཐེངས་ཁྲི་1.8བྱས་པས་མང་ཚོགས་རང་བཞིན་དང་རྒྱུན་ལྡན་རང་བཞིན་གྱི་སྤུས་རྟགས་བྱེད་སྒོ་90ལྷག་ཙམ་གྲུབ་ཡོད། རིག་གནས་འཛུགས་སྐྱོང་ཐད་ཀྱི་བོད་ཀྱི་རྩ་ཆེའི་ཉམས་མྱོང་སློབ་སྦྱོང་བྱེད་པ་དང་དཔྱད་གཞིར་འཛིན་ཏེ་སི་ཁྲོན་གྱི་རིག་གནས་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་རྒྱུའི་རེ་བ་ཡོད་ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།