འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་ཤུལ་གྱི་སློབ་ཆེན་སློབ་མས་བཙུགས་པའི་འབྲོག་ལས་མཉམ་ལས་ཁང་། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་13ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། སྦུར་ཕུ་གྲོང་ཚོའི་ཁ་བ་ཅན་སྣོད་བཅུད་འབྲོག་ལས་ཆེད་ལས་མཉམ་ལས་ཁང་ནི་2015ལོའི་ཟླ་བདུན་པར་ཐོ་འགོད་བྱས་པ་ཞིག་ཡིན་པ་དང་ཉི་མ་ཚེ་རིང་ནི་མཉམ་ལས་ཁང་དེའི་ཁྲིམས་བཀོད་འཐུས་ཚབ་པ་དང་ཏུང་ཧྲི་ཀྲང་རེད། ཁོང་ལ་མཉམ་དུ་སློབ་ཆེན་ཐོན་པའི་མཉམ་ལས་རོགས་ཟླ་བཞི་ཡོད་པ་རེད།
         ཁ་བ་ཅན་མཉམ་ལས་ཁང་ནི་སློབ་ཆེན་སློབ་མ་ལྔ་ཡིས་མཉམ་དུ་བཙུགས་པ་ཞིག་ཡིན་པ་དང་དེར་རང་ཉིད་ཀྱི་ཁྱད་ཆོས་དང་གསར་གཏོད་རང་བཞིན་ལྡན་ཡོད། བརྟག་ཞིབ་བྱས་པ་བརྒྱུད། ཁོང་ཚོས་སྦུར་ཕུ་གྲོང་ཚོའི་འབྲོག་པའི་དཔལ་འབྱོར་ཡོང་འབབ་ཀྱི་བསྡོམས་འབོར་གཞི་འཛིན་སར་བྱས་ཏེ། དཀའ་ངལ་ཡོད་པའི་དུད་ཚང་ཞིག་མ་རྐང་ནང་ཞུགས་པའི་དངུལ་འབོར་མཐོ་ཤོས་སྒོར་35000གཏན་འཁེལ་བྱས་པ་སྟེ། འབྲི་གཡག་ལྔ་དང་སྒོར་10000མཉམ་ལས་ཁང་གི་མ་རྐང་གི་ཚད་གཞི་ཡིན།
         མཉམ་ལས་ཁང་གིས་མཉམ་ལས་ཁང་ནང་རང་མོས་ངང་ཞུགས་ཆོག་ལ་དོན་ཡང་ཆོག་པའི་རྩ་དོན་གཞིར་བཟུང་། འབྲོག་དུད་17མཉམ་ལས་ཁང་ནང་བཅུག་པའི་ཁྲོད་ནས་དུད་ཚང་བཅུ་ནི་དཀའ་ངལ་ཡོད་པའི་དུད་ཚང་ཡིན་པ་རེད། མ་རྐང་ནང་ཞུགས་པའི་འབྲི་མགོ་གྲངས་85དང་རྫོང་འབྲོག་ལས་ཅུས་ཀྱིས་འབྲི་གཡག་20རྒྱབ་སྐྱོར་བྱས་པ་བསྡོམས་ན་འབྲི་གཡག་མགོ་གྲངས་105དང་ལུག་མགོ་གྲངས་100ཡོད། འབྲི་གཡག་རེའི་རིན་གོང་སྒོར་5000ལ་བརྩི་བ་དང་། སྒོར་500རེར་མ་རྐང་རེ་བརྩི་བ། སྤུས་ལེགས་རྩྭ་ར་སྤྱི་ཆིང་93.33(བོགས་མར་གཏོང་བ)ལྷག་ཙམ་འགན་གཙང་ལེན་རྒྱུ་དང་འགན་གཙང་ལེན་ཡུན་ལོ་10ཡིན་པ་རེད། མཉམ་ལས་ཁང་གི་རྨང་གཞི་ཡག་པོ་མེད་པའི་སྐབས་ཕྱུགས་རྫི་བའི་ལོའི་གླ་ཕོགས་སྒོར་ཁྲི་3ཡིན། དམངས་གཙོའི་དོ་དམ་ཅན་དང་རོགས་རེས་འདྲ་མཉམ་སོགས་ཀྱི་རྩ་དོན་གཞིར་བཟུང་། མཉམ་ལས་ཁང་གི་ཁོངས་མི་ཚང་མས་དུས་བཀག་བཞིན་སྤང་རི་དང་ཕྱུགས་རིགས་ལ་རེས་མོས་ཀྱིས་ལྟ་སྐུལ་བྱེད་ཀྱི་ཡོད།
         མཉམ་ལས་ཁང་ཞིག་གཉེར་ཚེ། ཐོན་ལས་ཞིག་ལ་ཁྲིད་སྟོན་དང་ཡུལ་ཕྱོགས་ཤིག་གི་དཔལ་འབྱོར་དར་རྒྱས་ཡོང་ཐུབ། མིག་སྔར་2015ལོའི་འབྲི་གཡག་མགོ་གྲངས་105ནས་མགོ་གྲངས་160བར་མང་དུ་ཕྱིན་པ་དང་2017ལོར་སྔོན་རྩིས་བྱས་ན་མགོ་གྲངས་220ཙམ་ཟིན་རྒྱུ་རེད། མཉམ་ལས་ཁང་གིས་འབྲོག་ཟོག་ཐོན་རྫས་ལས་སྣོན་ལ་དམིགས་ནས་ཁ་ཐོར་དང་སྤུས་རྟགས་མེད་པའི་ད་ཡོད་གནས་ཚུལ་འགྱུར་ལྡོག་གཏོང་བ་དང་ཕྱི་ཕྱོགས་ལ་བྲིན་ཚོང་བྱེད་པའི་གཅིག་གྱུར་སྤུས་རྟགས་གཏོད་དེ་ཐོན་རྫས་མཐའ་དག་སྐྱེ་ལྡན་དང་ལྗང་མདོག་གི་ཚད་གཞི་དང་མཐུན་པ་བྱ་རྒྱུ་རེད། སྐྱེ་ལྡན་ལྗང་མདོག་བཟའ་བཅའི་ངོས་འཛིན་ཁས་ལེན་དང་བཟའ་བཅའི་བདེ་འཇགས་དོ་དམ་མ་ལག་གི་ངོས་འཛིན་ཁས་ལེན་བཟའ་བཅའི་མཁོ་སྤྲོད་འབྲེལ་ཐག་ཁྲོད་ཀྱི་ལྷུ་ཚིགས་ཚང་མར་སྤྱོད་ཀྱི་ཡོད་པ་དེའི་ནང་། གཟན་ཆག་ལས་སྣོན་དང་། ཐོག་མའི་ཐོན་རྫས་ལས་སྣོན། བཟའ་བཅའ་ལས་སྣོན། སྐྱེལ་འདྲེན་དང་མཛོད་ཉར། སིལ་ཚོང་ཚོང་པ་དང་བཟའ་བཏུང་ལས་རིགས་བཅས་ཚུད་ཡོད། དེ་དང་དུས་མཚུངས་ཐའོ་པའོ་དང་ཐན་མའོ་གཙོ་བོར་བྱས་པའི་དྲ་རྒྱའི་བྲིན་ཚོང་ལས་སྟེགས་གཏོད་དེ་ས་མཐོའི་ཚོང་ཁང་དངོས་ལ་རམ་འདེགས་བྱེད་པའི་བྱེད་སྟངས་ཐོག་ནས་འབྲོག་ཟོག་རྫོང་དང་། ཀྲོའུ། ཞིང་ཆེན་ཕྱི་རུ་འཚོང་ཐུབ་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།