འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་སོན་བཟང་ཐད་མཉམ་འབྲེལ་འགག་སྒྲོལ་ལ་འཕེལ་རིམ་གསར་པ་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་13ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་10ཉིན་གྱི་སྔ་དྲོར། ཞིང་ལས་པུས་ཅི་ལིན་ཞིང་ཆེན་ཀུང་ཀྲུའུ་ལིན་དུ་ཞིང་ལས་སྐྱེ་དངོས་ཆེན་པོ་བཞིའི་སོན་བཟང་གི་འགག་སྒྲོལ་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། འདི་ལོའི་སོན་བཟང་གི་མཉམ་འབྲེལ་འགག་སྒྲོལ་ཐད་འཕེལ་རིམ་གསར་པ་བྱུང་བའི་ནང་འཕྲུལ་བསྡུའི་ས་བོན་གྱི་ཨ་ཤོམ་སྣ་ཁ་དང་ཐོན་འབབ་མཐོ་ཞིང་སྤྲི་དཀར་མང་བའི་སྲན་ཆེན་སྣ་ཁར་ཚད་བརྒལ་གསར་པ་བྱུང་ཡོད་པ་རེད།
         ཞིང་ལས་པུའི་པུའུ་ཀྲང་གཞོན་པ་ཡུས་ཤིན་རུང་གིས། སོན་བཟང་གི་མཉམ་འབྲེལ་འགག་སྒྲོལ་གྱི་དམིགས་ཚད་ནི། འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་ལ་འཚམ་པ་དང་། སྤུས་ལེགས་ཐོན་མཐོ་དང་མང་འགོག་ཀུན་འཕྲོད་ཀྱི་སྣ་ཁ་གསར་པ་སྐྱེད་སྲིང་དང་ཁྱབ་གདལ་བཏང་ནས་འབྲུ་རིགས་སྐྱེ་དངོས་གཙོ་བོའི་རེས་སྐོར་གསར་པའི་ས་བོན་གསར་སྒྱུར་ཐོན་བརྗེ་མགྱོགས་སུ་གཏོང་རྒྱུ་དེ་ཡིན་པ་རེད། ཨ་ཤོམ་ཐད་འཕྲུལ་བསྡུའི་ས་བོན་སྣ་ཁ་དང་སྲན་ཆེན་ཐད་ཐོན་འབབ་མཐོ་ཞིང་སྤྲི་དཀར་མང་བའི་སྣ་ཁ་དེ་འགག་སྒྲོལ་གྱི་གཙོ་གནད་དམིགས་ཚད་ཅིག་ཏུ་འཛིན་རྒྱུ་ཡིན་ཞེས་བཤད་པ་རེད།
         ད་ལོ་བྱང་ཤར་དང་། རྨ་ཆུ་དང་ཧུའེ་ཧའེ་ས་ཁུལ་གྱི་ཨ་ཤོམ་ཐོན་སྐྱེད་ཁུལ་གཙོ་བོར་འཕྲུལ་ཆས་ཀྱིས་བསྡུ་རྒྱུར་འཚམ་པའི་ཨ་ཤོམ་སྣ་ཁ་མུ་མཐུད་ཚོད་འདེབས་བྱ་རྒྱུ་སྟེ། ཚོད་ལྟའི་ས་ཚིགས་55དང་ཚོད་ལྟའི་སྣ་ཁ་2535བཀོད་སྒྲིག་བྱས་ཡོད་པ་རེད། སྲན་ཆེན་གྱི་འགག་སྒྲོལ་མཉམ་འབྲེལ་སྒྲིག་གཞི་དེ་རྨ་ཆུ་དང་ཧུའེ་ཧའེ་དང་། བྱང་ཤར། ནུབ་བྱང་བཅས་ཐོན་སྐྱེད་ཁུལ་གཙོ་བོར་མྱུ་གུའི་སྣ་ཁ་རྒྱ་ཁྱབ་དཔེ་སྟོན་མུ་མཐུད་བྱས་ཁར་སྲན་ཆེན་གྱི་གནོད་མེད་དང་། ཐོན་མཐོ། ཕན་ཆེ་བཅས་ཀྱི་ལག་རྩལ་དང་ཟུང་འབྲེལ་གྱིས་ཕྱོགས་བསྡུས་ངོ་བོ་དང་གཟུགས་དབྱིབས་ལེགས་པ་དང་མུའུ་རེའི་ཐོན་འབབ་སྤྱི་རྒྱ་200ཡན་ཟིན་པའི་སྲན་ཆེན་གྱི་སྣ་ཁ་གསར་པ་ཞིག་འདེམས་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།