འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་རྒྱ་བོད་རིག་གནས་སྤེལ་རེས་ས་ཚིགས་400བསྐྲུན་རྒྱུར་རིག་གནས་པུས་རྒྱབ་
    སྐྱོར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་13ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་11ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་དཔེ་སྐྲུན་ཐིང་ནས་ཤེས་རྟོགས་བྱས་པར། ཉིན་ཤས་གོང་རིག་གནས་པུའི་རྒྱལ་ཡོངས་སྤྱི་པའི་རིག་གནས་འཕེལ་རྒྱས་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་དཔེ་སྐྲུན་ཐིང་གིས་རྒྱལ་ཡོངས་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་འདུ་འགོད་ཀྱི་རྒྱ་བོད་རིག་གནས་སྤེལ་རེས་རྣམ་གྲངས་ཀྱི་མཉམ་སྐྲུན་གྲོས་མཐུན་བཞག་ཅིང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་མཚོ་སྔོན་ཞིང་ཆེན་གྱིས་རྒྱ་བོད་རིག་གནས་སྤེལ་རེས་ཀྱི་ས་ཚིགས་400བསྐྲུན་རྒྱུར་རིག་གནས་པུས་རྒྱབ་སྐྱོར་བྱས་ཏེ། མཚོ་སྔོན་བོད་རིགས་ས་ཁུལ་གྱི་སྤྱི་པའི་ཡིག་རིགས་རིག་གནས་བསྐྲུན་རྒྱུར་སྔར་བས་སྐུལ་འདེད་བཏང་ནས་བོད་རིགས་ས་ཁུལ་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་རེད།
         རིག་གནས་པུའི་རྒྱལ་ཡོངས་སྤྱི་པའི་རིག་གནས་འཕེལ་རྒྱས་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཧུང་གིས་རྒྱ་བོད་རིག་གནས་སྤེལ་རེས་རྣམ་གྲངས་ལས་ཀའི་འཆར་འགོད་གཞིར་བཟུང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རིག་གནས་པུའི་རྒྱལ་ཡོངས་སྤྱི་པའི་རིག་གནས་འཕེལ་རྒྱས་ལྟེ་གནས་ཀྱིས་མཚོ་སྔོན་བོད་རིགས་ས་ཁུལ་གྱི་རིག་གནས་མཉམ་སྤྱོད་འདུ་འགོད་ཀྱི་ད་ཡོད་ཀྱི་ཞབས་ཞུའི་དྲ་ཚིགས་སྤྱོད་པ་དང་བོད་རིགས་ས་ཁུལ་གྱི་དགོན་སྡེ་དང་ཤང་གྲོང་ཁྲོམ་གཞུང་གཙོ་གནད་དུ་བྱས་ཏེ་རྒྱ་བོད་རིག་གནས་སྤེལ་རེས་ཀྱི་ཤང་གྲོང་ཞབས་ཞུའི་ས་ཚིགས་200ཡི་མཐའ་སྣེ་སྒྲིག་སྦྱོར་དང་རྒྱ་བོད་རིག་གནས་སྤེལ་རེས་ས་ཚིགས་400བསྐྲུན་ཏེ་ཀྲུང་གོའི་རིག་གནས་དྲ་རྒྱའི་བརྙན་འཕྲིན་སྨྱན་སྦྱོར་གསར་པའི་ཞབས་ཞུའི་ཐབས་ལམ་བརྒྱུད་རིག་གནས་གནད་སྨིན་དབུལ་སྐྱོར་ལ་དམིགས་ཏེ་ཞབས་ཞུའི་རྣམ་གྲངས་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
         ལི་ཧུང་གིས་རྒྱ་བོད་རིག་གནས་སྤེལ་རེས་རྣམ་གྲངས་འདི་ཉིད་རིག་གནས་ཀྱི“རྒྱུད་གཅིག་ལམ་གཅིག”དང་མཐའ་མཚམས་ཀྱི་གྲངས་གཞིའི་རིག་གནས་ཁྱམས་རིང་སྣུར་སྲིང་བྱས་པ་ཞིག་ཡིན་པའི་ངོས་ནས། རིག་གནས་མཉམ་སྤྱོད་འདུ་འགོད་ཀྱི་ལས་སྟེགས་དང་། ཐོན་ཁུངས། ཐབས་ལམ། ཞབས་ཞུ་བཅས་ཀྱི་དྲ་རྒྱའི་ལེགས་ཆ་འདོན་སྤེལ་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ་དེང་རབས་སྤྱི་པའི་གྲངས་གཞིའི་རིག་གནས་ཀྱིས་རྒྱ་བོད་རིག་གནས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད་བཏང་ནས་རིག་གནས་དེ་ཉིད་བོད་རིགས་ས་ཁུལ་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་ཀྱི་འཕེལ་རྒྱས་སྒུལ་ཤུགས་སུ་འགྱུར་བ་བྱེད་དགོས་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།