འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཡུལ་ཤུལ་གྱིས“དྲ་སྦྲེལ་+གུང་གཞོན་སྡེ་ཚོགས་འཛུགས་སྐྱོང”བྱས་ནས་གཞོན་ནུའི་
    ལས་དོན་ལ་སྐུལ་འདེད་བཏང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་13ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། སྤྱི་ཚོགས་དུས་བབ་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ཏེ་དྲ་རྒྱའི་དུས་རབས་ཀྱི་གཞོན་ནུའི་ལས་དོན་གྱི་ཁྱད་ཆོས་གསར་པ་དང་ཆོས་ཉིད་གསར་པར་རང་འགུལ་ངང་ཞིབ་འཇུག་དང་ཁོང་དུ་ཡང་དག་ཆུད་པ་བྱས་ནས་གུང་གཞོན་སྡེ་ཚོགས་ཀྱི་ལས་ཀའི་ཐབས་ལམ་གསར་པ་གཏོད་ཆེད། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་དྲ་སྦྲེལ་+གུང་གཞོན་སྡེ་ཚོགས་འཛུགས་སྐྱོང་བྱས་པ་བརྒྱུད་དྲ་རྒྱའི་གཡུལ་ས་གསར་པ་ཧུར་ཐག་བཟུང་བ་དང་སྨྱན་སྦྱོར་གསར་པར་བརྟེན་ནས་གུང་གཞོན་སྡེ་ཚོགས་ཀྱི་ཡིད་དབང་འགུག་ཤུགས་དང་གོང་བུ་འགྲིལ་ཤུགས་ཆེ་རུ་བཏང་སྟེ་གཞོན་ནུའི་ལས་དོན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།
         རིམ་པ་མང་བ་དང་ཧེ་བག་ཅན་གྱི་གུང་གཞོན་སྡེ་ཚོགས་ཁོངས་སུ་གཏོགས་པའི་སྨྱན་སྦྱོར་དྲིལ་བསྒྲགས་ཁྲིད་སྟོན་གྱི་ལས་ཀའི་བྱེད་སྟངས་གཏོད་ཆེད། གུང་གཞོན་སྡེ་ཚོགས་ཡུལ་ཤུལ་ཁུལ་ཨུད་ཀྱིས“སྐད་འཕྲིན་ལས་སྟེགས”ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ“ལང་ཚོའི་ཡུལ་ཤུལ”ཞེས་པའི་སྐད་འཕྲིན་སྤྱི་རྟགས་བཙུགས་པ་དང་ཡི་གེ་དང་། པར་རིས། བརྙན་ལམ་སོགས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་ཀྲོའུ་གུང་གཞོན་སྡེ་ཚོགས་ཀྱི་ལས་ཀའི་འགུལ་རྣམ་ཡོངས་བསྒྲགས་བྱེད་པ་དང་དེ་བཞིན་གཞོན་ནུ་ཚོས་དོ་ཁུར་བྱེད་པའི་གླེང་མང་བའི་གླེང་གཞིར་དུས་ཐོག་ཏུ་བློ་འདྲི་སོགས་བྱེད་པ་དང་རྒྱ་ཁྱབ་ངང་གཞོན་ནུ་སྒྲིག་འཛུགས་དང་། དྲིལ་བསྒྲགས། ཁྲིད་སྟོན། ཞབས་ཞུ་བཅས་བྱེད་ཀྱི་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། 2015ལོར་ཤར་གཏོང་བྱས་ཚུན། “ལང་ཚོའི་ཡུལ་ཤུལ”ཞེས་པའི་སྐད་འཕྲིན་སྤྱི་རྟགས་ལ་དོ་སྣང་བྱེད་མཁན་གཞོན་ནུ་ཁྲི་1.12ལྷག་ཙམ་ཟིན་པ་དང་ལྟ་ཚད་མི་ཐེངས་ཁྲི་166ཟིན་ཡོད་པ་རེད།
         གཞོན་ནུས“དྲ་ཐོག་ལས་གཏོད”བྱ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱ་ཆེད། ཡུལ་ཤུལ་ཁུལ་གྱིས་2015ལོའི་ཟླ་8པར་ལས་གཏོད་དང་། ལས་ཞུགས། གསོ་སྦྱོང་། དངོས་སྦྱོང་། སྤེལ་རེས་བཅས་གཞི་གཅིག་ཏུ་འདུས་པའི་ཡུལ་ཤུལ་ཁུལ་གྱི་གཞོན་ནུའི་ལས་གཏོད་གླིང་བཙུགས་པ་རེད། མིག་སྔར་ལས་གཏོད་གླིང་ནང་ཁེ་ལས་32ཞུགས་པ་དང་གཞོན་ནུ་ལས་གཏོད་པ་62ཟིན་པ་དང་ཆབས་ཅིག་ཁུལ་ཡོངས་ཀྱི་ལས་གཏོད་ཚོགས་པ་22ཀྱི་ལས་གཏོད་གཞོན་ནུ་50ལྷག་ཙམ་ལ་ལས་གཏོད་དངུལ་བུན་སྒོར་ཁྲི་847བཏང་ཡོད། ཉེ་བའི་ལོ་གཉིས་ནང་ཁུལ་དང་། གྲོང་ཁྱེར། རྫོང་བཅས་རིམ་ཁག་གུང་གཞོན་སྡེ་ཚོགས་ཀྱིས་དྲ་རྒྱ་བརྒྱུད་གཞོན་ནུ་དང་བླངས་པ་ཆིག་སྟོང་ཙམ་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་གཞི་རིམ་སྡེ་ཁུལ་དང་། རྒན་གསོ་ཁང་། གྲོང་ཚོ་དབུལ་པོ། གྲོང་གསེབ་ཀྱི་སློབ་གྲྭ་སོགས་སུ་སྔ་རྗེས་སུ་ཐེངས་60ལྷག་ཙམ་བསྐྱོད་ནས་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་དང་སྒོར་ཁྲི་60ལྷག་ཙམ་ཟིན་པའི་དངུལ་དང་དངོས་ཟོག་ཞལ་འདེབས་བརྒྱབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།