འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་རྒྱུན་མི་ཆད་
    པར་འཕེལ་རྒྱས་འགྲོ་བའི་དུས་མཚམས་སུ་སླེབས་ཡོད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་13ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན།  གོང་ཚེས་ཉིན་ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ཧུད་ཀྱིས་མོ་སི་ཁོར་ཀྲུང་གོར་འཚམས་འདྲིར་བསྐྱོད་ཉེར་ཡོད་པའི་ཨུ་རུ་སུའི་སྨྱན་སྦྱོར་གསར་པའི་གསར་འགོད་པའི་ཚོགས་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོ་དང་ཨུ་རུ་སུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ལོ་རྒྱུས་ཐོག་གི་དུས་སྐབས་ཡག་ཤོས་དང་རྒྱུན་མི་ཆད་པར་འཕེལ་རྒྱས་འགྲོ་བའི་དུས་མཚམས་སུ་སླེབས་པ་ནན་བཤད་བྱས་ཡོད།
         ལི་ཧུད་ཀྱིས་འདི་ལོ་ནས་ཀྲུང་གོ་དང་ཨུ་རུ་སུའི་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་ཐུག་འཕྲད་མང་པོ་གནང་སྟེ་འཐབ་ཇུས་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱས་ཡོད། རྒྱལ་ཁབ་གཉིས་པོས་རྒྱལ་སྤྱིའི་གར་སྟེགས་ཐོག་དོན་དངོས་དྲང་གཞག་གི་ལངས་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་མཉམ་ལས་གཉིས་ཕན་ཡོང་བ་བྱ་རྒྱུ་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་འབྲེལ་བ་གསར་པ་ཞིག་འཛུགས་རྒྱུར་གཞོལ་ནས་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པར་མེད་དུ་མི་རུང་བའི་ནུས་པ་གལ་ཆེན་བཏོན་དང་འདོན་བཞིན་ཡོད་ཅེས་བརྗོད།
         ལི་ཧུད་ཀྱིས་ཨུ་རུ་སུ་ནི་ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེན་པོ་གཉིས་ཀར་འཁེལ་བའི་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་ཞིག་ཡིན། ཡོ་རོབ་དང་ཨེ་ཤེ་ཡ་སྐམ་ས་ཆེན་པོར་སྲོལ་རྒྱུན་དང་ཤུགས་རྐྱེན་གལ་ཆེན་ལྡན་པ་ནི་"དར་གོས་ལམ་བུའི་དཔལ་འབྱོར་ཁུལ"དང་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་འཛུགས་པའི་བར་སྦྲེལ་མཐུད་ཀྱི་འབྲེལ་ཟམ་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད། ཀྲུང་གོ་དང་ཨུ་རུ་སུ་ནི་ཁྱིམ་མཚེས་རྒྱལ་ཁབ་ཡག་པོ་ཞིག་དང་རོགས་ཟླ་ཡག་པོ་ཞིག་ཡིན། རྒྱལ་ཁབ་གཉིས་དབར་ཚད་མཐོའི་ཆབ་སྲིད་ཀྱི་ཡིད་ཆེས་དང་ཕན་འབྲས་མཐོ་བའི་ལས་སྒྲུབ་ཀྱི་མཉམ་ལས་བྱས་པ་དེས་ཕྱོགས་གཉིས་པོའི་དབར་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ཅེས་བརྗོད།
         ལི་ཧུད་ཀྱིས་ཀྲུང་གོ་དང་ཨུ་སུ་ཕྱོགས་གཉིས་པོས་མ་འཇོག་ཉོ་ཚོང་མཉམ་ལས་བྱ་ཤུགས་མུ་མཐུད་ཆེ་རུ་དང་ཉོ་ཚོང་གྲུབ་ཆ་བཟང་སྒྲིག་གིས་མ་འཇོག་རྣམ་གྲངས་ཆེ་གྲས་གཙོ་གནད་དུ་ལག་ལེན་བསྟར་ནས་མཉམ་དུ་ཐོན་ལས་གླིང་དང་ས་ཁོངས་སྒྲོལ་བའི་དཔལ་འབྱོར་མཉམ་ལས་ཁུལ་བསྐྲུན་པ་དང་། ཟོག་འགྲེམས་དང་། འགྲིམ་འགྲུལ། མཉམ་འབྲེལ་སྐྱེལ་འདྲེན་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་ནང་འབྲེལ་གཏུག་བྱ་ཤུགས་ཆེ་རུ་བཏང་ནས་མཉམ་དུ་གསར་སྤེལ་དང་ས་ཁོངས་ཀྱི་ཐོན་སྐྱེད་དྲ་བ་བཟང་སྒྲིག་བྱེད་རྒྱ་ཆེ་རུ་བཏང་བ་མ་ཟད། རང་དངུལ་རྩིས་རྒྱག་བྱེད་ཁོངས་ཆེ་རུ་བཏང་ནས་དངུལ་ལོར་བརྗེ་སྒྱུར་ཐུབ་པ་དང་དར་གོས་ལམ་བུའི་ཐེབས་རྩ་དང་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དངུལ་ཁང་ལས་རིགས་མཉམ་འབྲེལ་སྒྲིག་གཞི་སོགས་དངུལ་རྩའི་སྒྲིག་གཞི་བརྒྱུད་དངུལ་རྩའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཡོད་ཅེས་ནན་བཤད་གནང་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།