འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཧང་ག་རིར་པི་ཡ་ཏིས་མ་རྩ་བཏང་ནས་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་རྟེན་གཞི་
    བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་13ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་10ཉིན།  ཧང་ག་རིའི་ཕྱི་འབྲེལ་དང་ཕྱི་ཕྱོགས་དཔལ་འབྱོར་པུའུ་དང་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཁེ་ལས་པི་ཡ་ཏིས་ཚེས་10ཉིན་པུ་ཏ་ཕེ་སིར་པི་ཡ་ཏིས་ཡོ་སྒོར་ཁྲི་2000བཏང་ནས་ཧང་ག་རིར་ནུས་རྒྱུ་གསར་པའི་གློག་སྒུལ་རླངས་འཁོར་གྱི་ཐོན་སྐྱེད་རྟེན་གཞི་བཙུགས་པ་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པ་རེད། དེ་ནི་པི་ཡ་ཏིས་ཡོ་རོབ་ཏུ་བཙུགས་པའི་ནུས་རྒྱུ་གསར་པའི་གློག་སྒུལ་རླངས་འཁོར་གྱི་ཐོན་སྐྱེད་རྟེན་གཞི་ཐོག་མ་དེ་ཡིན་པ་རེད།
         ཧང་ག་རིའི་བྱང་རྒྱུད་གྲོང་ཁྱེར་ཁོ་མ་ལུའོ་མུའུ་རུ་གནས་པའི་པི་ཡ་ཏིའི་བཟོ་གྲྭས་2017ལོའི་དུས་ཚིགས་དང་པོར་དངོས་སུ་ཐོན་སྐྱེད་བྱ་རྒྱུ་དང་དུས་འགོར་བཙོག་འབུད་མེད་པའི་གློག་སྒུལ་རྐྱང་པའི་སྤྱི་སྤྱོད་རླངས་འཁོར་དང་འདེགས་འཁོར་རིགས་ཐོན་སྐྱེད་བྱ་རྒྱུའི་ཐད་གཙོ་བོར་གཞོལ་རྒྱུ་མ་ཟད། སྐབས་དེ་དུས་ད་དུང་རང་ངོས་ཀྱི་ཞིབ་འཇུག་གསར་སྤེལ་ལྟེ་གནས་དང་གློག་རྫས་ཚོད་ལྟའི་སྒྲིག་ཆས་ཀྱང་ལྡན་རྒྱུ་རེད། བཟོ་གྲྭ་སྤྱི་ཡོངས་ཀྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་6.6ཟིན་པ་དང་ལོར་རླངས་འཁོར་400ཐོན་སྐྱེད་བྱེད་ཐུབ་ནས་ལས་གནས་300ཐད་ཀར་གཏོད་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་པི་ཡ་ཏིའི་གློག་སྒུལ་རྐྱང་པའི་རླངས་འཁོར་ཆེ་གྲས་ཡོ་རོབ་ཀྱི་གྲོང་ཁྱེར་52ཀྱི་འགྲོ་ལམ་ཐོག་གཏོང་གི་ཡོད། འབྲེལ་ཡོད་དབྱེ་ཞིབ་མི་སྣས་པི་ཡ་ཏིས་ཧང་ག་རིར་བཟོ་གྲྭ་བསྐྲུན་པ་དེས་ཡོ་རོབ་ཀྱི་ཁྲོམ་རའི་ཐོག་གནས་བབ་གལ་ཆེན་བཟུང་ཆེད་རྨང་གཞི་བརྟན་པོ་འདིང་རྒྱུ་རེད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།