འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བརྗོད་བྱ་གཙོ་བོའི་དཔེ་དེབ་རྩེ་གྲ་མཉམ་འགྲེམས་དང་ཀྲུང་གོ་དང་ཁམ་ཕུ་ཁྲེའི་
    སྨྱན་སྦྱོར་སྤེལ་རེས་བྱེད་སྒོ་ཕ་ནོམ་ཕེན་དུ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་13ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་10ཉིན། ཞི་ཞིས་ཅིན་ཕིང་གིས་ཁམ་ཕུ་ཁྲེར་རྒྱལ་དོན་འཚམས་འདྲི་མ་གནང་གོང་ཀྲུང་གོའི་བརྗོད་བྱ་གཙོ་བོའི་དཔེ་དེབ་རྩེ་གྲ་མཉམ་འགྲེམས་དང་ཀྲུང་གོ་དང་ཁམ་ཕུ་ཁྲེའི་སྨྱན་སྦྱོར་སྤེལ་རེས་སོགས་ཀྱི་བྱེད་སྒོ་དེ་ཚེས་10ཉིན་ཕ་ནོམ་ཕེན་དུ་གཉེར་བ་རེད།
         ཟླ་10ཚེས་10ཉིན་གྱི་སྔ་དྲོ་ཀྲུང་གོའི་བརྗོད་བྱ་གཙོ་བོའི་དཔེ་དེབ་རྩེ་གྲ་མཉམ་འགྲེམས་བྱེད་འགོ་ཚུགས་པ་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཐོའུ་ཀྲེན་དང་། ཁམ་ཕུ་ཁྲེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཞུང་པོ། ཁམ་ཕུ་ཁྲེའི་རིག་གནས་སྒྱུ་རྩལ་པུའི་རྒྱལ་དོན་དྲུང་ཆེ་ཅིན་ཧྲ་ལི་བཅས་དང་དེ་བཞིན་ཀྲུང་གོ་དང་ཁམ་ཕུ་ཁྲེ་ནས་ཡོང་བའི་སྲིད་གཞུང་གི་དཔོན་རིགས་དང་། སྐུ་མགྲོན་གྱི་འཐུས་མི། སྨྱན་སྦྱོར་གསར་འགོད་པ་སོགས་མི་གྲངས་170ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།
         ད་རེས་ཀྱི་དཔེ་དེབ་མཉམ་འགྲེམས་ནི་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་ཁམ་ཕུ་ཁྲེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་ཀྲུང་གོ་རྒྱལ་སྤྱིའི་དཔེ་སྐྲུན་ཚོགས་པ་དང་། ཀྲུང་གོ་རྒྱལ་སྤྱིའི་དཔེ་དེབ་ཉོ་ཚོང་ཚོགས་པ་ཀུང་སི། 《ཀྲུང་གོའི་འཕྲིན་སྤེལ་》དུས་དེབ་ཁང་བཅས་ཀྱིས་སྒྲུབ་འགན་འཁུར་ཡོད། མཉམ་འགྲེམས་དེར་ཀྲུང་གོ་དང་། ཁམ་ཕུ་ཁྲེ། དབྱིན་ཇི། ཧྥ་རན་སེ་སོགས་ཀྱི་སྐད་ཡིག་ཡོད་པ་དང《ཞིས་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》སོགས་ཀྲུང་གོའི་བརྗོད་བྱ་གཙོ་བོའི་དཔེ་དེབ་རྩེ་གྲ་ཁག་1000ལྷག་ཙམ་གཅིག་སྡུད་ཐོག་འགྲེམས་སྟོན་བྱེད་པའི་ནང་ཀྲུང་གོའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ལོ་རྒྱུས་སོགས་ཕྱོགས་ཁག་ཐད་ཚུད་ཡོད། དཔེ་དེབ་མཉམ་འགྲེམས་དེ་དུས་ཡུན་གཟའ་འཁོར་གཅིག་ཡིན་པ་དང་ཁམ་ཕུ་ཁྲེའི་ཞི་བདེ་དཔེ་དེབ་ཁང་དང་ཤིན་ཀྲེ་ཚོགས་པ་ཁམ་ཕུ་ཁྲེ་(ཕ་ནོམ་ཕེན་)རྒྱ་ཡིག་དཔེ་དེབ་ཁང་སོགས་མུ་སྦྲེལ་དཔེ་དེབ་ཁང་མང་པོར་དུས་མཚུངས་སུ་འགྲེམས་སྟོན་བྱ་རྒྱུ་རེད།
          ཚེས་10ཉིན་གྱི་ཕྱི་དྲོ་ཀྲུང་གོ་དང་ཁམ་ཕུ་ཁྲེའི་སྨྱན་སྦྱོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཀྲུང་གོ་དང་ཁམ་ཕུ་ཁྲེའི་གཙོ་རྒྱུན་སྨྱན་སྦྱོར་ཚན་པ་བཅུ་ལྷག་ཙམ་གྱི་འཐུས་མི་བཞུགས་མོལ་ཚོགས་འདུར་ཞུགས་ནས་གསར་འགྱུར་མཉམ་ལས་དང་སྨྱན་སྦྱོར་གསར་པ་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་གྲོས་གཞིར་དམིགས་ནས་སྤེལ་རེས་གྲོས་བསྡུར་བྱས་པ་རེད། ཕྱོགས་གཉིས་པོའི་འཐུས་མིས་གཏམ་བཤད་སྤེལ་སྐབས་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་གྱིས་མཉམ་ལས་དམ་ཟབ་བྱས་ཏེ་ཐུན་མོང་ཐོག་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཁམ་ཕུ་ཁྲེར་འཚམས་འདྲི་གནང་བའི་གནས་ཚུལ་སྤེལ་གཏོང་ཡག་པོ་བྱེད་པ་དང་འབྲེལ་དེ་གོ་སྐབས་སུ་བྱས་ནས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་སྨྱན་སྦྱོར་སྤེལ་རེས་མཉམ་ལས་དེ་ཆུ་ཚད་གསར་པ་ཞིག་གི་ཐོག་ཏུ་སླེབས་པ་བྱས་ཐོག་རྒྱལ་ཁབ་གཉིས་པོའི་དབར་སྤེལ་རེས་བྱེད་པའི་ཟམ་པ་དང་འབྲེལ་ཐག་གཏོད་རྒྱུའི་ཐད་ལེགས་སྐྱེས་འབུལ་རྒྱུ་ཡིན་ལུགས་བརྗོད་པ་དང་ཚོགས་ཞུགས་སྨྱན་སྦྱོར་གྱི་འཐུས་མིས་ད་དུང་རང་སོ་སོའི་སྨྱན་སྦྱོར་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ་ཀྲུང་གོ་དང་ཁམ་ཕུ་ཁྲེའི་སྨྱན་སྦྱོར་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་གྲོས་འགོ་འདོན་རྒྱུ་ཡིན་ལུགས་བརྗོད་ཡོད།
         སྤེལ་རེས་བྱེད་སྒོའི་རིང་ཀྲུང་གོ་རྒྱལ་སྤྱིའི་དཔེ་སྐྲུན་ཚོགས་པས་ཁམ་ཕུ་ཁྲེའི་མཉམ་ལས་དང་ཞི་བདེ་ཞིབ་འཇུག་སུའོ་དང"ཀྲུང་གོའི་དཔེ་དེབ་ལྟེ་གནས"འཛུགས་རྒྱུའི་མཉམ་ལས་འདོད་མཐུན་བཞག་ནས་སླད་ཕྱིན་ལོ་3ནང་ཁམ་ཕུ་ཁྲེ་ཕྱོགས་ལ་ལོ་ལྟར་རིན་མེད་ངང་ཀྲུང་གོའི་དཔེ་དེབ་ཁག་གཅིག་ཞལ་འདེབས་རྒྱག་རྒྱུ་དང་《ཀྲུང་གོའི་འཕྲིན་སྤེལ་》དུས་དེབ་ཁང་གིས་དཔེ་དེབ་ཞལ་འདེབས་རྒྱག་པའི་བྱེད་སྒོ་སྤེལ་ནས་ཕ་ནོམ་ཕེན་ནུའོ་ལུའོ་ཏུན་སློབ་ཆུང་གི་དགེ་སློབ་ཚོར་ཉི་འོད་ནུས་པའི་སྟེགས་སྒྲོན་དང་། དཔེ་ཁུག་དང་ཡིག་ཆས། བྱིས་པའི་ཀློག་དེབ་སོགས་སློབ་སྦྱོང་གི་ཡོ་ཆས་ཞལ་འདེབས་བརྒྱབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།