འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་19དང་མཐོ་རིམ་སློབ་གསོའི་ཡོན་ཚད་
    དང་སློབ་གནས་ཀྱི་ཐོབ་ཐང་ཐད་ཕན་ཚུན་ཁས་ལེན་བྱེད་པའི་གྲོས་མཐུན་ལ་
    མིང་རྟགས་བཀོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་13ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་11ཉིན།  རང་རྒྱལ་གྱིས་ཡོ་རོབ་མནའ་འབྲེལ་སྒྲིག་གཞི་དང་དེ་བཞིན་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་28དང་སློབ་གསོའི་སྤེལ་རེས་དང་མཉམ་ལས་འབྲེལ་བ་བརྟན་པོ་བཙུགས་པ་མ་ཟད། ཧྥ་རན་སེ་དང་། འཇར་མན། དབྱི་ཐ་ལི། ཧོ་ལན། ཕོར་ཐིའུ་ཀལ་སོགས་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་19དང་མཐོ་རིམ་སློབ་གསོའི་ཡོན་ཚད་དང་སློབ་གནས་ཀྱི་ཐོབ་ཐང་ཐད་ཕན་ཚུན་ཁས་ལེན་བྱེད་པའི་གྲོས་མཐུན་ལ་མིང་རྟགས་བཀོད་པས། ཀྲུང་གོ་དང་ཡོ་རོབ་ཀྱི་སློབ་གསོ་སྤེལ་རེས་དང་མཉམ་ལས་ཐད་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད། དེ་ནི་གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱས་པ་ཞིག་རེད།
         ཟླ་10ཚེས་11ཉིན། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཀྱི་སློབ་གསོ་པུའི་པུའུ་ཀྲང་གི་ཚོགས་འདུ་དང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་སློབ་གསོའི་སྲིད་ཇུས་ཐད་ཀྱི་སྐད་ཆ་ཤོད་རེས་བྱེད་པའི་ཚོགས་འདུ་སྐབས་བཞི་པ་དེ་པེ་ཅིང་དུ་འཚོགས་པ་དང་། གྲོས་དོན་གྱི་ནང་སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱ་རྒྱུའི་ཐབས་ལམ་རྒྱ་ཆེར་བཏང་ནས་གསར་གཏོད་ལས་གཏོད་དང་ལས་ཞུགས་ཐད་ཀྱི་སློབ་མའི་ནུས་པ་གསོ་སྐྱོང་བྱ་རྒྱུ་དང་། སློབ་གསོའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་བཏང་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་མུ་མཐུད་འཕེལ་རྒྱས་གཏོང་རྒྱུར་ཞབས་འདེགས་ཞུ་རྒྱུ། ཀྲུང་གོ་དང་ཡོ་རོབ་ཀྱི་སློབ་དུས་སྐར་འགོད་ཕན་ཚུན་ཁས་ལེན་བྱ་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་སློབ་མ་ཕན་ཚུན་དོ་སྙོམས་འགྲོ་སྐྱོད་ལ་སྐུལ་འདེད་གཏོང་རྒྱུ། སློབ་གྲྭའི་ལུས་རྩལ་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་སློབ་གསོའི་སྤེལ་རེས་དང་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་སྔོག་འདོན་བྱ་རྒྱུ་སོགས་ཚུད་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་ནི་རང་རྒྱལ་གྱི་སློབ་མ་དང་མཁས་དབང་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་སྐྱོད་ཡུལ་གཙོ་བོའི་གྲས་ཤིག་རེད། 2015ལོའི་ལོ་མཇུག་བར། ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཏུ་སློབ་སྦྱོང་བྱེད་མཁན་རང་རྒྱལ་གྱི་སློབ་མ་བསྡོམས་འབོར་303451ཡོད་པ་དེས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་བསྡོམས་འབོར་གྱི་24%ཟིན་པ་དེ་2014ལོ་ལས་7.5%འཕར་ཡོད། 2015ལོར་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཏུ་སློབ་སྦྱོང་བྱེད་མཁན་སློབ་མ་123018ཡོད་པ་དེས་ལོ་དེ་གར་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་གྱི་སློབ་མའི་བསྡོམས་འབོར་གྱི་23%ཟིན་པ་དེ་2014ལོ་ལས་29%འཕར་ཡོད། དེའི་ནང་རྒྱལ་ཁབ་ཀྱི་གཞུང་མངགས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མ་7961ཡོད་པ་དེས་ལོ་དེར་གཞུང་མངགས་བྱས་པའི་སློབ་མའི་བསྡོམས་འབོར་གྱི་37.7%ཟིན་པ་དེ་2014ལོ་ལས་21%འཕར་ཡོད་པ་རེད།
         ཉེ་བའི་ལོ་ཤས་རིང་། ཡོ་རོབ་མནའ་འབྲེལ་ནས་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་མཁན་གྱི་སློབ་མ་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཡོད། 2015ལོའི་ལོ་ཧྲིལ་པོར་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་ནས་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་མཁན་སློབ་མ་བསྡོམས་འབོར་45125ཟིན་པ་དེ་2014ལོ་དང་རྩ་བའི་ཆ་ནས་སྙོམས་ཀྱི་ཡོད་པ་དེས་2015ལོ་ལོ་ཧྲིལ་པོའི་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་མཁན་གྱི་སློབ་མའི་བསྡོམས་འབོར་གྱི་11.3%ཟིན་ཡོད། དེའི་ནང་སློབ་མ་3027ལ་ཀྲུང་གོ་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་སློབ་རོགས་དངུལ་ཐོབ་པ་དེ་2014ལོ་ལས་12%འཕར་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། རང་རྒྱལ་གྱིས་དབྱིན་ཇི་དང་། འཇར་མན། ཧྥ་རན་སེ། པུར་ཀ་རི་ཡ། རོ་མ་ནི་ཡ། ཧང་ག་རི། ཨོ་སི་ཁྲུ་རི་ཡ། ཕོར་ཐིའུ་ཀལ། ཧོ་ལན། དབྱི་ཐ་ལི། ཨིར་ལན། སུའེ་ཏེན། ཏེན་མག སི་ཕེན། ལ་ཐེ་ཝེ་ཡ། མར་ཐ། ཨེ་སོ་ནི་ཡ། ལི་ཐུ་ཝན། ཕོ་ལན་བཅས་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་19དང་ཕན་ཚུན་ཡོན་ཚད་དང་། སློབ་གནས་ཀྱི་ཐོབ་ཐང་། སློབ་ཐོན་ལག་ཁྱེར་བཅས་ཁས་ལེན་བྱེད་པའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།