འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རིགས་ཀྱི་གོས་རྒྱན་ནས་རིག་གནས་ཀྱི་ངོ་མཚར་མངོན།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་10ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་རིགས་ཀྱི་གོས་རྒྱན་ནས་རིག་གནས་ཀྱི་ངོ་མཚར་མངོན།
          མི་དམངས་དྲ་བའི་འཕྲིན། རྒྱལ་སྟོན་རིང་། ཧྲང་ཧའེ་འཁལ་འཐག་དངོས་མང་སྟོན་ཚོགས་དང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་རྟེན་རྫས་བཤམས་མཛོད་ཁང་གིས་མཉམ་འབྲེལ་ཐོག་སྤེལ་བའི“ལྟ་ན་སྡུག་པའི་ཀྲུང་ཧྭ། ཀྲུང་གོའི་སེམས་ཀྱི་ཉི་ཟླ་བོད་རིགས་གོས་རྒྱན་རིག་གནས་འགྲེམས་སྟོན”ཞེས་པའི་བྱེད་སྒོའི་ཐོག་བདེ་ཆེན་ཀྲོའུ་ཡི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་རིག་གནས་འགྲེམས་སྟོན་བྱས་པས་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་ཡོད། འགྲེམས་ཁང་ནང་ཚོན་མདོག་རྣམ་པར་བཀྲ་བ་དང་མི་རིགས་ཁྱད་ཆོས་ཟབ་མོ་ལྡན་པའི་བདེ་ཆེན་ཀྲོའུ་ཡི་གོས་རྒྱན་གྱིས་མི་རྣམས་ཡིད་སྨོན་བྱེད་པའི་གནས་མཆོག་ཏུ་འཁྲིད།
           ད་ཐེངས་ཀྱི་གོས་རྒྱན་འགྲེམས་སྟོན་ལ་གཞོགས་འདེགས་བྱ་ཆེད། ཧྲང་ཧའེ་འཁལ་འཐག་དངོས་མང་སྟོན་ཚོགས་དང་བདེ་ཆེན་ཀྲོའུ་རྟེན་རྫས་བཤམས་མཛོད་ཁང་གིས་ད་དུང་《ཀྲུང་གོ་བདེ་ཆེན་གཟུགས་བརྙན་པར་ལེན་བརྩམས་ཆོས་འགྲེམས་སྟོན་》བྱས་ནས་ལྟད་མོ་བས་གོས་རྒྱན་ལ་ལྟ་སྐོར་བྱེད་པ་དང་དུས་མཚུངས། ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་དང་མི་རིགས་ཀྱི་རྣམ་པ་དེ་བས་ཐད་ཀར་དང་དེ་བས་གསོན་ཉམས་ལྡན་པའི་སྒོ་ནས་ཚོར་བ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།