འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲེ་ཅང་ཀྲུའོ་ཁྲང་གི་རི་ཉིལ་གོད་ཆག་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་19ལ་འཕར་བ་
    དང་མི་8ལ་ད་དུང་འབྲེལ་བ་བྱེད་ཐུབ་མེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་10ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀྲེ་ཅང་ཀྲུའོ་ཁྲང་གི་རི་ཉིལ་གོད་ཆག་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་19ལ་འཕར་བ་
དང་མི་8ལ་ད་དུང་འབྲེལ་བ་བྱེད་ཐུབ་མེད་པ།
          མི་དམངས་དྲ་བའི་འཕྲིན། རྒྱ་མཚོའི་རླུང་འཚུབ"ཉ་སྲབ་ཅན"གྱི་ཤུགས་རྐྱེན་ཕོག་སྟབས། ཟླ་9ཚེས་28ཉིན་གྱི་ཆུ་ཚོད་17དང་སྐར་མ་28ཡས་མས་སུ། ཀྲེ་ཅང་ཞིང་ཆེན་ཀྲུའོ་ཁྲང་རྫོང་པེ་ཅའེ་གྲོང་རྡལ་གྱི་སུའུ་གྲོང་སྡེ་རུ་རི་ཉིལ་གནོད་འཚེ་བྱུང་ནས་མི་སྣ་དང་རྒྱུ་ནོར་ལ་གོད་ཆག་ཆེན་པོ་ཐེབས་པ་རེད། གཞུང་ཕྱོགས་ཀྱིས་བརྡ་ཁྱབ་བཏང་པར་གཞིགས་ན། མིག་སྔའི་བར་དུ། མི་19མྱུར་སྐྱོབ་ཐུབ་ཡོད་པ་དང་། མི་19གྲོངས་ཟིན་པ་གཏན་འཁེལ་བྱས་པ། མི་8ལ་ད་དུང་འབྲེལ་བ་བྱས་ཐུབ་མེད་པར་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།
            རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་རི་ཉིལ་གནོད་འཚེ་བྱུང་བ་ལས། དུད་ཁྱིམ་20ཡི་སྡོད་ཁང་རྡིབ་བརླག་ཏུ་བཏང་བ་དང་། སྡོད་ཁང་17གྱི་ནང་དུ་ཆུ་འཛུལ་བ་རེད། ཟླ་10ཚེས་9ཉིན་གྱི་ཆུ་ཚོད་15དང་སྐར་མ་7བར་སྐབས་སུ། ཡུལ་དངོས་ནས་མི་1མྱུར་སྐྱོབ་ཐུབ་ཅིང་། ཚེ་སྲོག་གི་རྒྱུན་ཆད་ཡོད་པ་གཏན་འཁེལ་བྱས་པ་རེད། མིག་སྔའི་བར་དུ། འབྲེལ་ཆད་མི་སྣ་27གྱི་ནང་ནས་མི་19མྱུར་སྐྱོབ་ཐུབ་པ་དང་། མི་8སྔར་བཞིན་འབྲེལ་བ་ཆད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།