འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྟོན་གུང་གསེང་རིང་ཁྲི་ཀའི་ཡུལ་སྐོར་ཐད་སླར་ཡང་ཚ་རླབས་ཤིག་འཕྱུར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་10ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། འདི་ལོའི་རྒྱལ་སྟོན་གྱི་རྫོགས་ལྡན་གཟའ་འཁོར་རིང་ཉིང་ཞ་དང་། ཡུན་ནན། ཀུའེ་ཀྲོའུ་སོགས་ཀྱི་ཡུལ་སྐོར་བ་སླར་ཡང་གཅིག་རྗེས་གཉིས་མཐུད་ངང་ཡོང་བས་ཚེས་3ཉིན་བར་ཡུལ་སྐོར་ཡོང་འབབ་སྒོར་བྱེ་བ་ཙམ་ཟིན་པ་དང་། ཁྲི་ཀའི་ཡུལ་སྐོར་ལས་རིགས་ལ་ཡུལ་སྐོར་བ་མང་བའི་དུས་ཀྱི་རྗེས་སུ་སླར་ཡང་ཚ་རླབས་ཤིག་འཕྱུར་བ་རེད།
           མཚོ་སྔོན་གོ་ཤིན་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་གི་འགན་འཁུར་བ་ཀྲང་པོས་རྒྱལ་སྟོན་གྱི་རྫོགས་ལྡན་གཟའ་འཁོར་ཤར་ཚུན་ཀུང་སིར་ཞིང་ཆེན་ཕྱི་ནང་གི་མངགས་ཐོ་རྒྱུན་ཆད་མེད་པར་འབྱོར་བ་དང་། སྐུ་འབུམ་ནས་ཁྲི་ཀའི་བར་གྱི་ཡུལ་སྐོར་ལམ་ཐིག་ནང་དམར་བྲག་ཡུལ་སྐོར་དང་། རྨ་ཆུ་རིག་གནས་ཀྱི་ཡུལ་སྐོར། དེ་བཞིན་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས་སོགས་མི་རིགས་མང་པོའི་དམངས་སྲོལ་རིག་གནས་ཡུལ་སྲོལ་ཡུལ་སྐོར་བཅས་ཀྱི་ཐོན་ཁུངས་དང་འབྲེལ་ཡོད་པར་བརྟེན། ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་ལྡན་ལ་ཐུན་མོང་མིན་པའི“མགོ་བོ་དགྱེ་ན་ས་མཐོ་དང་། མགོ་བོ་བསྒུར་ན་ནེའུ་གསིང”ཡིན་པའི་ཁོར་ཡུག་ལྟ་ན་སྡུག་པ་དང་མཛེས་ལྗོངས་ཡོད་ཅིང་། ལམ་ཐིག་དེ་གར་རྫོགས་ལྡན་གཟའ་འཁོར་རིང་འདུ་འཛི་ཧ་ཅང་ཆེན་པོ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།