འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།2020ལོའི་གོང་རང་རྒྱལ་གྱིས་རྒྱལ་ཁབ་རིམ་པའི་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོ་
    ལག་ལེན་རྟེན་གཞི་60བསྐྲུན་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་10ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སློབ་གསོ་པུའུ་སོགས་སྡེ་ཚན་བདུན་གྱིས་པར་འགྲེམས་བྱས་པའི་《གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོ་ལག་ལེན་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་བསམ་འཆར་》ནང་2020ལོར་སླེབས་སྐབས་ས་གནས་ཁག་ཏུ་རྒྱལ་ཁབ་རིམ་པའི་ལག་ལེན་རྟེན་གཞི་60ཡས་མས་གཅིག་གྱུར་ཐོག་སྐྲུན་ཐུབ་པ་བྱེད་དགོས་ཤིང་། ས་གནས་ཁག་གིས་འབྲིང་རིམ་ཡན་གྱི་གྲོང་ཁྱེར་དུ་ཚད་གཞི་དང་མཐུན་པའི་ལག་ལེན་རྟེན་གཞི་ཉུང་མཐར་ཡང་གཅིག་སྐྲུན་ཐུབ་པའི་བརྩོན་ལེན་བྱེད་དགོས་པ་དང་རྫོང་(གྲོང་ཁྱེར། ཆུས། ཆི)དུ་ཡུལ་བབ་དང་དོན་དངོས་དང་བསྟུན་ནས་དེ་མཚུངས་ཀྱི་ལག་ལེན་རྟེན་གཞི་སྐྲུན་དགོས་ཞེས་བསྟན་ཡོད་པ་རེད།
         བསམ་འཆར་ནང་ལག་ལེན་རྟེན་གཞི་སྐྲུན་རིང་ཁྲིམས་སྐྱོང་མི་སྐྱོང་གི་འདུ་ཤེས་མཚོན་པར་བྱེད་པ་དང་། ཁྲིམས་སྐྱོང་སློབ་གསོའི་ཐོན་ཁུངས་བསྡུ་སྒྲིལ་དང་བྱེད་ལུགས་བྱེད་སྟངས་གསར་གཏོད་བྱ་རྒྱུ་འབུར་དུ་ཐོན་པར་བྱེད་པ། སློབ་གསོའི་ལག་རྩལ་དང་བྱེད་ཐབས་སྣ་ཚོགས་སྤྱོད་རྒྱུར་སྣང་ཆེན་བྱེད་པ། ལག་ལེན་རང་བཞིན་དང་མཉམ་འགུལ་རྣམ་པའི་ཁྲིམས་སྐྱོང་སློབ་གསོའི་ནང་དོན་མཁོ་འདོན་བྱེད་པ། སློབ་མ་སྒྲིག་འཛུགས་བྱས་ནས་ཞུགས་པའི་སློབ་གྲྭ་འབྲིང་ཆུང་ཁག་གི་དགོས་མཁོ་དང་འཚམ་པར་བྱ་རྒྱུར་སྣང་ཆེན་བྱེད་པ། འོས་འཚམ་གྱི་བྱེད་སྒོ་སྤེལ་ཡུལ་དང་སྒྲིག་ཆས་ཆ་ཚང་པོ་ཡོང་བར་བྱེད་་པ། ནུས་པ་སྣ་ཚོགས་ལྡན་པའི་ཁུལ་ཁོངས་འཛུགས་པ་བཅས་བྱས་ནས་སློབ་མའི་ལག་ལེན་ནང་ཞུགས་པའི་དགོས་མཁོ་སྐོང་དགོས། ལག་ལེན་རྟེན་གཞིར་ཕྱོགས་བསྡུས་རང་བཞིན་གྱི་སློབ་མའི་ཁྲིམས་སྐྱོང་སློབ་གསོ་དང་སློབ་ཁྲིད་ཀྱི་ཕན་ནུས་ལ་གདེང་འཇོག་དང་དགེ་རྒན་གསོ་སྐྱོང་སོགས་ཀྱི་ནུས་པ་ལྡན་དགོས་པ་མ་ཟད། ད་དུང་ལག་ལེན་རྟེན་གཞི་དེ་ཉིད་ཁྲིམས་སྐྱོང་ལག་ལེན་ལ་ཉེ་བཅར་དང་གཞོན་ནུ་ལོ་ཆུང་གི་འཚོ་བ་དང་རྟོགས་ཤེས་ཀྱི་ཁྱད་ཆོས་དང་ཉེ་བཅར་གྱི་སློབ་ཕྱིའི་ཁྲིམས་སྐྱོང་སློབ་གསོའི་ལྟེ་གནས་ཤིག་དང་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཁྲིམས་སྐྱོང་སློབ་གསོ་སྤེལ་བའི་རྒྱབ་སྐྱོར་མ་ལག་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
         བསམ་འཆར་ནང་ས་གནས་ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་ལག་ལེན་རྟེན་གཞི་དེ་ས་གནས་དེ་གའི་སློབ་གྲྭ་འབྲིང་ཆུང་གི་སློབ་ཕྱིའི་སློབ་གསོའི་སྤྱིའི་འཆར་འགོད་ནང་འཇུག་དགོས་པ་དང་། ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་དང་མཉམ་དུ་ཁྲིམས་ལུགས་ཁྱབ་གདལ་གྱི་འགྲོ་གྲོན་སྤྱོད་སྟངས་ལེགས་སུ་གཏོང་བ་དང་ཆ་རྐྱེན་ཡོད་པའི་ས་གནས་ལ་ཆེད་སྤྱོད་མ་དངུལ་འཛུགས་རྒྱུའི་སྐུལ་མ་བཏང་ནས་ལག་ལེན་རྟེན་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས་ལ་སྐུལ་འདེད་ཀྱང་གཏོང་དགོས། སྲིད་གཞུང་དང་། ཁེ་ལས། སྤྱི་ཚོགས་བཅས་ཀྱིས་མ་དངུལ་བཏང་ནས་མཉམ་ལས་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བྱེད་སྟངས་ཧུར་ཐག་སྤྱད་དེ་འགྲན་རྩོད་ཀྱི་རྣམ་པ་བརྒྱུད་ཁེ་ལས་དང་བྱ་གཞག་ཚན་པ་ཁག་ལག་ལེན་རྟེན་གཞི་འཛུགས་སྐྲུན་དང་གཉེར་སྐྱོང་ནང་ཞུགས་པར་སྐུལ་སློང་དང་རྒྱབ་སྐྱོར་བྱེད་དགོས།
         གཞན་ཡང་ལག་ལེན་རྟེན་གཞིའི་དཔྱད་དཔོག་དང་ལྕག་སྐུལ་ལམ་སྲོལ་འཛུགས་དགོས་ཤིང་། ལག་ལེན་རྟེན་གཞིའི་གདེང་འཇོག་སྟོན་གྲངས་མ་ལག་འཐུས་ཚང་དུ་བཏང་སྟེ་རང་ངོས་ནས་དཔྱད་དཔོག་བྱེད་པ་དང་ཕུང་གསུམ་པས་དཔྱད་དཔོག་བྱེད་པའི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་དགོས་པ་དང་། ལག་ལེན་རྟེན་གཞི་དང་དེ་མིན་གྱི་ཁྲིམས་སྐྱོང་སློབ་གསོའི་རྟེན་གཞིའི་ཕུལ་བྱུང་སློབ་ཁྲིད་བྱེད་སྒོའི་རྣམ་གྲངས་དཔྱད་འདེམས་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་ཏེ་སྔོན་ཐོན་དཔེ་མཚོན་སྔོག་འདོན་དང་། ཉམས་མྱོང་བཟང་པོ་དུས་ཐོག་ཏུ་ཕྱོགས་བསྡོམས་དང་ཁྱབ་གདལ་ཡག་པོ་གཏོང་དགོས། ལག་ལེན་རྟེན་གཞི་དང་དེ་མིན་ཁྲིམས་སྐྱོང་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་གྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་དང་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་གྱི་རྒྱལ་ཁབ་ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པ། སྤྱི་ཚོགས་ཀྱི་ཚོགས་པ། མི་སྒེར་བཅས་ལ་འོས་ཤིང་འཚམ་པའི་རྣམ་པའི་ཐོག་ནས་གཟེངས་བསྟོད་བྱེད་དགོས་ལ་བྱ་དགའ་ཡང་སྤྲོད་དགོས་ཞེས་ནན་བཤད་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།