འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་བཀྲ་ཤིས་ལྷུན་པོ་དགོན་གྱིས་ལོ་རེར་ཐེངས་རེའི་འཆམ་བརྒྱབ་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་08ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་བཀྲ་ཤིས་ལྷུན་པོ་དགོན་གྱིས་ལོ་རེར་ཐེངས་རེའི་འཆམ་བརྒྱབ་པ།
         མི་དམངས་དྲ་བའི་འཕྲིན། འཆམ་ནི་གྲྭ་བཙུན་གྱིས་འཁྲབ་སྟོན་བྱེད་པའི་ཆོས་ལུགས་ཀྱི་ཞབས་བྲོ་ཞིག་ཡིན་ལ། ལོ་རེའི་བོད་ཟླ་8པར་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དུ་ཆགས་པའི་བཀྲ་ཤིས་ལྷུན་པོ་དགོན་གྱིས་འཆམ་རྒྱག་གི་ཡོད། འཆམ་རྒྱག་པའི་དུས་སུ་གྲྭ་པ་ཚོས་གདོང་ལ་འབག་དང་ལུས་ལ་འཆམ་གོས་གྱོན་ཏེ། ལག་ཏུ་རྔ་དང་། གྲི། སྟ་རེ་སོགས་འཁྲབ་ཆས་བཟུང་ནས་རྡོ་རྗེ་དང་། ཀེང་རུས། ཤྭ་བ། དགེ་སློང་། བྱ་རོག་འུག་པ། ཚེ་རིང་རྣམ་དྲུག་སོགས་འཁྲབ་སྟོན་བྱེད་ཀྱི་ཡོད་ཅིང་། གར་གྱི་སྟངས་སྟབས་དལ་ཞིང་ངོ་མཚར་ཧ་ཅང་ཆེ་བ་དང་། འཆམ་རྒྱག་པའི་བར་དུ་ཨ་ཙ་ར་འགས་བཞད་གད་སློང་བའི་ལྟད་མོའང་སྟོན་གྱི་ཡོད་པ་རེད། སྤྱི་ལོ་1447ལོར་ཕྱག་བཏབ་པའི་བཀྲ་ཤིས་ལྷན་པོ་དགོན་ནི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་མ་དགོན་ཡིན་པ་མ་ཟད་། བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་གྲུབ་མཐའི་དགོན་ཆེན་དྲུག་གི་ཡ་གྱལ་ཡང་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】
    ༄༅།།བོད་ལྗོངས་བཀྲ་ཤིས་ལྷུན་པོ་དགོན་གྱིས་ལོ་རེར་ཐེངས་རེའི་འཆམ་བརྒྱབ་པ།
      

    ཕྱོགས་བསྡུས་གསར་འགྱུར།