འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་མགོ་ལོག་དྲ་སྦྲེལ་ལས་གྲྭའི་ཆན་ཕུའུ་750ཡི་གློག་སྐུད་རྨ་ཆུ་བརྒལ་ནས་འཁྲིད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་10ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉིན་ཤས་གོང་། ཟི་ལིང་ནས་དམར་སྟེང་བར་གྱི་ཆན་ཕུའུ་750ཡི་གློག་སྐུད་འཁྲིད་པའི་ལས་གྲྭའི་ཁྲོད་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པའི་གློག་གཏོང་གློག་སྐུད་གྲུབ་འབྲས་ཐོབ་པའི་སྒོ་ནས་རྨ་ཆུ་བརྒལ་ནས་འཁྲིད་པ་དེ་ནི་མགོ་ལོག་དྲ་སྦྲེལ་ལས་གྲྭའི་ཆན་ཕུའུ་750ཡི་གློག་སྐུད་ལས་གྲྭ་ལག་བསྟར་བྱས་ཚུན། རྨ་ཆུ་བརྒལ་ནས་འཁྲིད་ཐེངས་དང་པོ་དེ་ཡིན་པ་དང་ལས་གྲྭ་དེ་སྔོན་རྩིས་བྱས་ན་ཟླ་བཅུ་པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུ་ཡིན་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། མགོ་ལོག་དྲ་སྦྲེལ་དང་དོལ་ཐང་གི་ཆན་ཕུའུ་750ཡི་གློག་སྒྱུར་གཏོང་ལས་གྲྭ་ནི་རྒྱལ་ཁབ་གློག་དྲ་ཀུང་སིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི“བརྟན་པོའི་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ”བཅས་ཀྱི་སྲིད་ཇུས་ལག་བསྟར་དོན་འཁྱོལ་ཧུར་ཐག་བྱེད་པའི་ཆབ་སྲིད་འདུ་འགོད་ཅིག་ཡིན་པས་ལམ་རྒྱུད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ། བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དམངས་འཚོའི་འདུ་འགོད་ཅིག་ཡིན་ལ་མཚོ་སྔོན་མཚོ་ལྷོ་ས་ཁུལ་གྱི་དྭངས་གཙང་ནུས་རྒྱུ་གསར་སྤེལ་བེད་སྤྱོད་དང་དཔལ་འབྱོར་དང་ཁོར་ཡུག་མཐུན་སྦྱོར་གྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ལྗང་མདོག་གི་འདུ་འགོད་ཅིག་ཀྱང་ཡིན། ལས་གྲྭ་དེ་ནི་མཚོ་བོད་དྲ་སྦྲེལ་ལས་གྲྭ་དང་ཡུལ་ཤུལ་དྲ་སྦྲེལ་ལས་གྲྭའི་རྗེས། མཚོ་བོད་ས་མཐོའི་འགྲན་སློང་ཆེན་པོ་ལྡན་པའི་གློག་སྒྱུར་གཏོང་ལས་གྲྭའི་རྣམ་གྲངས་གལ་ཆེན་ཞིག་ཡིན།
          ལས་གྲྭ་དེའི་ཨར་སྐྲུན་བརྒྱུད་རིམ་གྱི་དཀའ་གནད་ཆེ་ཤོས་ཡིན་པའི་ངོས་ནས། རྨ་ཆུ་བརྒལ་བའི་གློག་སྒྲོམ་ཁུལ་གྱི་རིང་ཚད་ལ་ཁྱོན་སྟོང་སྨི་4.2ཡོད་པ་དང་རྨ་ཆུ་བརྒལ་བའི་ངོགས་གཉིས་ཀྱི་ཞེང་ཚད་ལ་སྨི་170ཡོད་པ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་དཀར་མོ་གཡང་འཁྱིལ་དུ་གནས་ཡོད།
           ཤེས་རྟོགས་བྱུང་བར་གཞིགས་ན། མགོ་ལོག་དྲ་སྦྲེལ་ལས་གྲྭ་སྐྲུན་རྗེས་མཚོ་སྔོན་ལྷོ་རྒྱུད་ཀྱི་གློག་དྲ་ཆན་ཕུའུ་330ཟིན་ནས་མགོ་ལོག་གློག་དྲ་དང་མཚོ་སྔོན་གྱི་གློག་དྲ་གཙོ་བོ་གཉིས་འབྲེལ་ཐུབ་པ་མ་ཟད། མཚོ་སྔོན་གྱི་འོད་ཤུགས་ཐོན་ལས་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་མ་ཐེབས་པའི་ཐོག་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་མ་ཐེབས་ནས་གཙང་གསུམ་ཆུ་འགོ་ས་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།