འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྟོན་གྱི་གུང་གསེང་རིང་མི་ཐེངས་ཁྲི་6ཙམ་གྱིས་དམར་དམག་རྒྱང་སྐྱོད་ཀྱི་བརྗོད་བྱ་གཙོ་
    བོའི་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་10ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་སྟོན་གྱི་གུང་གསེང་རིང་མི་ཐེངས་ཁྲི་6ཙམ་གྱིས“དཔའ་བོའི་ལོ་རྒྱུས་སྙན་ངག ཉམས་པ་མེད་པའི་མཛད་རྗེས་རྡོ་རིང་སྟེ། ཀྲུང་གོའི་བཟོ་ཞིང་དམར་དམག་གི་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་བརྗོད་བྱ་གཙོ་བོའི་འགྲེམས་སྟོན”ལ་ལྟ་སྐོར་བྱས་པ་དང་ཉིན་གཅིག་གི་ལྟད་མོ་བ་མང་ཤོས་མི་ཐེངས་9940ཟིན་ཡོད་པ་རེད།
         ཀྲུང་གོ་མི་དམངས་གསར་བརྗེའི་དམག་དོན་རྟེན་རྫས་བཤམས་མཛོད་ཁང་གིས་མཁོ་འདོན་བྱས་པའི་བསྡོམས་རྩིས་གྲངས་གཞིའི་ནང་རྒྱལ་སྟོན་གྱི་གུང་གསེང་རིང་ཕྱི་ཕྱོགས་ནས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་པར་ཡོང་མཁན་གྱི་མི་མང་བ་དང་། ཁྱིམ་ཚང་མང་བ། ཕྲུ་གུ་མང་བ་སོགས་ཀྱི་ཁྱད་ཆོས་མངོན་ལ། རྒྱལ་ཡོངས་ས་ཆ་ཁག་ནས་འོངས་པའི་རྒྱལ་ནང་གི་ལྟད་མོ་བ་ཡོད་ལ་ཨུ་རུ་སུ་དང་ཨ་རི་སོགས་ནས་ཡོང་པའི་ཕྱི་རྒྱལ་གྱི་ལྟད་མོ་བའང་ཡོད་པ་མངོན་ཡོད།
         ཕྲུ་གུ་དང་མཉམ་དུ་དམར་དམག་རྒྱང་སྐྱོད་ཀྱི་ལོ་རྒྱུས་ཤེས་རྟོགས་བྱ་རྒྱུ་དེ་ཁྱིམ་ཚང་མང་པོ་ཞིག་གི་ཐུན་མོང་གི་གདམ་གར་གྱུར་ཞིང། པེ་ཅིང་གི་ལས་འཁྱུར་ངལ་གསོ་རྒྱག་མཁན་བཟོ་པ་ཧྲའོ་ཤིན་རན་གྱིས་ལོ་5ལ་སླེབས་པའི་ཚ་བོ་ཁྲིད་དེ་འགྲེམས་སྟོན་བལྟས་པ་དང“ཚ་བོ་ཆུང་ཆུང་གིས་དམར་དམག་རྒྱང་སྐྱོད་ཀྱི་ས་བཀྲར་ལྟ་རྒྱུར་ཧ་ཅང་དགའ་པོ་འདུག”ཅེས་ཧྲའོ་ཤིན་རན་གྱིས་བཤད་ལ། ཁོང་གིས“ཚ་བོ་ད་ལྟ་ལོ་ན་ཕྲ་བས་གང་ཞིག་ལ་རྒྱང་སྐྱོད་ཟེར་བ་ཤེས་མི་ཐུབ། ད་ཐེངས་ཁྲིད་ཡོང་དོན་ནི་སེམས་ནང་བག་ཆགས་ཤིག་བཞག་སྟེ་རྒྱང་སྐྱོད་ཀྱི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་ཆེད་ཡིན”ཞེས་བཤད།
         པེ་ཅིང་དུ་བཅའ་སྡོད་དཔུང་སྡེ་དང་དེ་བཞིན་པེ་ཅིང་གྲོང་ཁྱེར་གྲོང་ཤར་ཆུས་དང་། གྲོང་ནུབ་ཆུས། ཧའེ་ཏེན་ཆུས། ཁྲའོ་དབྱང་ཆུས། ཧྲི་ཅིང་ཧྲན་ཆུས་སོགས་རྩ་འཛུགས་ཁོངས་གཏོགས་ཀྱི་ལས་ཁུངས་དང་ཁྲོམ་གཞུང་སོགས་ཚན་པ་169ཡིས་ངལ་གསོའི་དུས་ཚོད་སྤྱད་དེ་འགྲེམས་སྟོན་ནང་ཞུགས་པ་རེད།
         2016ལོ་འཁོར་གྱི“ཀྲུང་གོ་སྲིད་གཞུང་གི་མཐུན་འབྲེལ་བྱ་དགའ”ཐོབ་པའི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་དང་དེ་བཞིན་ནང་མི་50ཡང་དམག་དོན་རྟེན་རྫས་བཤམས་མཛོད་ཁང་དུ་ཡོང་ཡོད་པ་དང་།“ལུ་ཏིང་ཟམ་པ་ཚུར་ལེན་པའི”བརྗོད་བྱ་གཙོ་བོའི་ལྟ་སྦྱོང་མདུན་དུ་འཇར་མན་གྱི་རྩི་ཤིང་རིགས་དབྱེའི་རིག་པ་མཁས་ཅན་ཁེ་ལ་ཕུའུ་ཐེས་གསར་འགོད་པར“འགྲེམས་སྟོན་འདི་ལྟ་བུ་ནི་དམིགས་བསལ་ཆེ་ལ་དོན་སྙིང་ཡང་ལྡན་པ་ཞིག་འདུག་འདི་ལས་ང་ཚོས་ལོ་རྒྱུས་ཤེས་རྟོགས་ཐུབ་ནས་དེང་དུས་ཀྱི་ཀྲུང་གོར་དེ་བས་ཤེས་རྟོགས་གཏིང་ཟབ་བྱེད་ཐུབ”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།