འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་བརྒྱ་ལ་སླེབས་པའི་“སྐྱེ་ཁུངས་རི་པིན་ནས་ཡིན་པའི་དམག་སྡེ་བརྒྱད་པའི་དམག་མི།”

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་08ཉིན། 09:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རི་པིན་གྱི་དམག་འཁྲུག་ལ་ངོ་རྒོལ་མི་སྣ“སྐྱེ་ཁུངས་རི་པིན་ནས་ཡིན་པའི་དམག་སྡེ་བརྒྱད་པའི་དམག་མི”ཆན་ཐེན་ཀོང་ཕན་ལོ་100ལ་སླེབས་པའི་ཉིན་མོ་རེད། ཉིན་དེར་རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་། ཏཱ་པེན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག ཀོན་ཤིས་ས་ཁུལ་གྱི་རི་ཀྲུང་མཛའ་གྲོགས་མཐུན་ཚོགས། རི་ཀྲུང་ཞི་བདེ་མཛའ་གྲོགས་མཐུན་ཚོགས་སོགས་ཀྱིས་ཁོང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་སྤེལ་རེས་ཚོགས་འདུ་འཚོགས་པ་རེད།
         ཏཱ་པེན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ལི་ཐེན་རན་པིང་ཁུའུ་རྫོང་མིང་ཧྲེ་གྲོང་ཁྱེར་དུ་འཚོགས་པའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་སྤེལ་རེས་ཚོགས་འདུར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་ཤིང་། ཁོང་གིས་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ་ཡིན་པའི་སྐུ་ཞབས་ཆན་ཐེན་དམག་སྡེ་བརྒྱད་པར་ཞུགས་རྗེས་དམག་འཁྲུག་ལ་ངོ་རྒོལ་གྱི་ལས་འགུལ་རབ་དང་རིམ་པའི་ནང་ཞུགས་ཏེ་ཞི་བདེ་དང་ཀྲུང་རིའི་མཛའ་གྲོགས་འབྲེལ་བ་དྲིལ་བསྒྲགས་བྱ་ཕྱིར་སྐུ་ཚེ་ཕྱེད་ཀ་ཙམ་སྐྱེས་སུ་ཕུལ་པ་ནི་བརྩི་འཇོག་དང་ཡིད་སྨོན་བྱེད་འོས་པ་ཞིག་རེད། སྐུ་ཞབས་ཆན་ཐེན་གྱིས་ཚབ་མཚོན་གནང་བའི་ལས་རིགས་ཁག་གི་མི་སྣས་ཀྲུང་རིའི་མཛའ་གྲོགས་དང་། དམག་འཁྲུག་ལ་ངོ་རྒོལ། ཞི་བདེ་བཅས་ཆེད་ལེགས་སྐྱེས་ཕུལ་བ་ཀྲུང་གོ་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད། ཁྱེད་རྣམ་པས་དེའི་ཆེད་མུ་མཐུད་འབད་བརྩོན་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།