འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རང་བྱུང་ཁམས་ཀྱི་དངོས་གཞིའི་གློག་བརྙན་《སའི་གོ་ལའི་ དུས་ཚིགས་བཞི་》ཞེས་པ་ཀྲུང་གོར་
    སྟོན་རྒྱུ་ཡིན་པ།

    སའི་གོ་ལའི་འབྱུང་རིམ་ལོ་རྒྱུས་མཚོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་08ཉིན། 09:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 《ཕྲ་མཐོང་འཇིག་རྟེན་》དང་《ཧི་མ་ལ་ཡ་》《གནས་སྤོ་བའི་འདབ་ཆགས་》《རྒྱ་མཚོ་》བཅས་སྟོན་རྗེས་ཧྥ་རན་སེའི་འཁྲབ་ཁྲིད་པ་ཡ་ཁེ·པེ་ཧན་གྱིས་རང་བྱུང་ཁམས་ཀྱི་མུ་འབྲེལ་དངོས་གཞི་གློག་བརྙན་ཁག་ལྔ་པ་《སའི་གོ་ལའི་དུས་ཚིགས་བཞི་》ཞེས་པ་ཉེ་ཆར་ཀྲུང་གོར་སྟོན་རྒྱུ་ཡིན་ཞིང་། གློག་བརྙན་དེས་ལྟད་མོ་བ་ཚོར་སའི་གོ་ལའི་འབྱུང་རིམ་གྱི་ལོ་རྒྱུས་བསྐྱར་སྟོན་བྱས་ཏེ་མི་དང་སྲོག་ཆགས་མཉམ་ཤི་མཉམ་གསོན་གྱི་རྙོག་འཛིང་ཆེ་བའི་འབྲེལ་བར་སླར་ཡང་བསམ་གཞིག་བྱེད་དུ་འཇུག་རྒྱུ་ཡིན་པ་རེད།
         ཚེས་25ཉིན་གློག་བརྙན་དེའི་འཁྲབ་ཁྲིད་པ་ཡ་ཁེ·པེ་ཧན་གྱིས་པེ་ཅིང་དུ་གློག་བརྙན་དེར་འཁྱགས་རོམ་དུས་རབས་རྗེས་ཀྱི་མིའི་རིགས་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱིས་མཉམ་སྤྱོད་བྱེད་པའི་ཡོ་རོབ་སྐམ་ས་ཆེན་པོ་མཚོན་པ་སྟེ། ལོ་ངོ་ཁྲི་8ལྷག་ཙམ་གྱི་དུས་ཡུན་རིང་བའི་གྲང་ངར་ཆེ་བའི་དགུན་དུས་བརྒྱུད་རྗེས་སྐྱེ་དངོས་སྣ་ཚོགས་སླར་གསོ་དང་། དུས་ཚིགས་བཞི་བརྗེ་རེས་བྱེད་པ། ས་དབྱིབས་འགྱུར་བ། སྲོག་ཆགས་དང་རྩི་ཤིང་སྣ་ཚོགས་རྒྱུད་སྤེལ་བྱེད་པ། སའི་གོ་ལའི་རྣམ་པར་འགྱུར་ལྡོག་གསར་རྐྱང་བྱུང་བ་སོགས་རེད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།