འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་དཔལ་འབྱོར་གྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་གྲུབ་འབྲས་མངོན་གསལ་དོད་པོ་
    ཐོབ་ཡོད་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་08ཉིན། 09:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གོར་བཅའ་སྡོད་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས(IMF)ཀྱི་དབུ་བཞུགས་འཐུས་མི་ཤིས་རུའེ་ཏེས་ཀྲུང་གོའི་དཔལ་འབྱོར་གྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ཁྱབ་ཁོངས་མང་པོའི་ཐད་གོང་འཕེལ་བྱུང་ཁར་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྒྲིག་གཞི་གཙོ་བོའི་ཁྲོད་གཟེངས་སུ་ཐོན་ཡོད་ཅེས་བརྗོད་པ་རེད།
         ཚེས་26ཉིན་པེ་ཅིང་དུ་འཚོགས་པའི་སྨྱན་སྦྱོར་ཚོགས་འདུའི་ཐོག་ཤིས་རུའེ་ཏེས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་ཀྲུང་གོའི་དཔལ་འབྱོར་ལ་ལྟ་ཞིབ་ཚད་ལེན་བྱས་པའི་སྙན་ཞུ་གསར་ཤོས་གཞིར་བཟུང་ཀྲུང་གོའི་ལོ་ལྔའི་འཆར་འགོད་གསར་པའི་ནང་ཡང་དག་པའི་དམིགས་ཚད་བཟོས་པ་དང་། དངུལ་ལོར་སྲིད་ཇུས་དང་། ནོར་སྲིད་སྲིད་ཇུས། གྲོང་ཁྱེར་གྲོང་རྡལ་ཅན་སོགས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་དང་། ཐོན་ནུས་ལྷག་འཕྲོ་ཉུང་གཏོང་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་སོགས་ཐད་ཀྱི་བྱེད་ཐབས་ཀྱིས་ཀྱང་བག་ཆགས་ཟབ་མོ་བཞག་ཡོད་ཅེས་བཤད།
         “གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཐད་གོ་ལ་ཧྲིལ་པོའི་ཁྲོད་ཀྱི་ཀྲུང་གོའི་གྲུབ་འབྲས་གཟེངས་སུ་ཐོན་པ་ཞིག་ཡོད”ཅེས་ཤིས་རུའེ་ཏེས་བརྗོད་ཅིང་། ཁོང་གིས་འཛམ་གླིང་གི་ཁྱབ་ཁོངས་ནས་བལྟས་ན། འཛམ་གླིང་ལ་མཚོན་ན་ཀྲུང་གོའི་དཔལ་འབྱོར་གྱི་གལ་ཆེན་རང་བཞིན་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད་པ་དང་། སྤྱིར་ཀྲུང་གོའི་དཔལ་འབྱོར་འཕར་ཚད་ཅུང་དལ་དུ་སོང་ནའང་ཀྲུང་གོའི་དཔལ་འབྱོར་གྱི་སྤྱི་འབོར་རྒྱུན་མི་ཆད་པར་འཕར་བའི་རྐྱེན་གྱིས་འཛམ་གླིང་དཔལ་འབྱོར་འཕར་ཆེད་ཕུལ་བའི་ལེགས་སྐྱེས་ཀྱང་སྔར་བཞིན་ཆེན་པོ་ཡོད་ཅེས་ནན་བཤད་བྱས་པ་རེད།
         ཤིས་རུའེ་ཏེས་དེ་དང་ཆབས་ཅིག་ཀྲུང་གོའི་དཔལ་འབྱོར་ཉིད་དུས་ཐུང་ནང་བཙན་གྱིས་སླར་གསོ་བྱེད་དཀའ་ནའང་ས་ཁུལ་གྱི་མངོན་ཚུལ་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བའི་སྒྱུར་བཅོས་ཐད་ཀྱི་ཡར་རྒྱས་དོ་མཉམ་མིན་པ་སོགས་ཚུད་པའི་དཔལ་འབྱོར་ཁྲོད་ཀྱི་ཉེན་ཁར་སྣང་ཆུང་བྱེད་མི་རུང་ཞེས་བརྗོད་ཅིང་། ཁོང་གིས་སྒྱུར་བཅོས་ཟབ་གཏོང་དང་དཔལ་འབྱོར་འཕར་རྒྱུར་སྐུལ་མ་གཏོང་བའི་འབྲེལ་བ་ཇི་ལྟར་ཐག་གཅོད་ཡག་པོ་བྱ་རྒྱུ་དེས་ཀྲུང་གོའི་ཐབས་ཇུས་ཀྱི་བློ་གྲོས་ལ་ཚོད་བགམ་བྱེད་ངེས་རེད། ཀྲུང་གོའི་དཔལ་འབྱོར་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པར་ངེས་པར་དུ་གོ་སྐབས་དམ་འཛིན་གྱིས་སྒྱུར་བཅོས་ཟབ་གཏོང་བྱེད་དགོས་པ་དང་། དེས་དུས་ཐུང་འཕར་སྣོན་ལ་ཤུགས་རྐྱེན་ཐེབས་སྲིད་ནའང་དུས་ཡུན་རིང་འབྲིང་གི་མདུན་ལྗོངས་ལ་ཕན་ཐོགས་རྒྱུ་རེད་ཅེས་བརྗོད།
         ཤིས་རུའེ་ཏེས་དེང་སྐབས་ཀྲུང་གོའི་དཔལ་འབྱོར་ལ་ཕྲད་པའི་འགྲན་སློང་ཚོད་འཛིན་བྱེད་ཐུབ་ནའང་དེ་བས་གལ་ཆེ་བ་ཞིག་ནི་ཀྲུང་གོས་ངེས་པར་དུ་བྱེད་ཐབས་སྤྱད་ནས་འགྲན་སློང་ཐོག་མཐའ་བར་གསུམ་དུ་ཚོད་འཛིན་ཐུབ་རྒྱུའི་འགན་ལེན་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་ད་དུང་ཀྲུང་གོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྒྲིག་གཞི་གཙོ་བོའི་བྱེད་སྟངས་དཔྱད་གཞིར་བཟུང་ནས་རིམ་གྱིས་འཕར་བའི་དམིགས་ཚད་བཟོ་མཚམས་འཇོག་པ་དང་། དཔལ་འབྱོར་འཕར་རྒྱུར་ཁུལ་དབར་གྱི་སྔོན་དཔག་ཚད་ལེན་གྱི་བྱེད་ཐབས་སྤྱད་ནས་སྲིད་ཇུས་སྙོམས་སྒྲིག་ཆེད་བབ་བསྟུན་རང་བཞིན་སྔར་བས་མཁོ་འདོན་བྱེད་པ་དང་དཔལ་འབྱོར་གྱི་ཡུན་རིང་སྐྱོན་བྲལ་གོང་འཕེལ་རྒྱུན་འཁྱོངས་ཐུབ་རྒྱུར་ཕན་ཐོགས་ཡོད་པའི་གྲོས་འགོ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།