འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྟོན་གུང་གསེང་རིང་རྒྱལ་ཡོངས་སུ་ཁྱོན་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་5.93ལ་སྣེ་ལེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་08ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱལ་སྟོན་གུང་གསེང་རིང་རྒྱལ་ཡོངས་སུ་ཁྱོན་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་5.93ལ་སྣེ་ལེན་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་7ཉིན་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གཞི་གྲངས་སུ་གསལ་བ་ལྟར་ན། རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་ཉིན་བདུན་རིང་ལ། རྒྱལ་ཡོངས་ཀྱི་ས་ཁུལ་མང་ཤོས་སུ་གནམ་གཤིས་བཟང་སྟབས། ཕྱི་རོལ་དུ་ཡུལ་སྐོར་བྱེད་པར་ཆ་རྐྱེན་བཟང་བོ་བསྐྲུན་པ་དང་། ཡུལ་སྐོར་ཁྲོམ་ར་སྔར་བཞིན་རྫོགས་ལྡན་དུ་གྱུར་འདུག་པ་རེད། རྒྱལ་ཁབ་ཡུལ་སྐོར་ཅུས་གཞི་གྲངས་ལྟེ་གནས་ཀྱིས་ཕྱོགས་བསྡུས་ཚད་ལེན་ཞིབ་རྩིས་བྱས་པར་གཞིགས་ན། རྒྱལ་སྟོན་གུང་གསེང་རིང་། རྒྱལ་ཡོངས་སུ་ཁྱོན་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་5.93ལ་སྣེ་ལེན་བྱས་པ་དང་། དུས་མཚུངས་ལས་12.8%འཕར་ཞིང་། ཡུལ་སྐོར་ཡོང་འབབ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་4822ཡོད་པ་དང་། དུས་མཚུངས་སུ་14.4%ཙམ་འཕར་ཡོད་པ་རེད།
    【1】  【2】  【3】  【4】  【5】
    ༄༅།།རྒྱལ་སྟོན་གུང་གསེང་རིང་རྒྱལ་ཡོངས་སུ་ཁྱོན་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་5.93ལ་སྣེ་ལེན་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།