འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཐའེ་ཝན་གྱི་ཐའེ་ཏོང་མཚོ་ཁོངས་སུ་ས་ཡོམ་རིམ་པ་5.9བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་08ཉིན། 09:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ས་ཡོམ་ལས་ཁུངས་དྲ་བས་དངོས་སུ་ཚད་འཇལ་བྱས་པར་གཞིགས་ན། ཟླ་10ཚེས་6ཉིན་གྱི་ཆུ་ཚོད་23དང་སྐར་མ་51ཐོག ཐའེ་ཝན་གྱི་ཐའེ་ཏོང་རྫོང་གི་མཚོ་ཁོངས་(འཕྲེད་ཐིག་བྱང་མ་ཏུའུ་22.60དང་གཞུང་ཐིག་ཤར་མ་ཏུའུ་121.38ཡི་མཚམས)སུ་ས་ཡོམ་རིམ་པ་5.9བྱུང་བ་དང་། ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་20ཡོད་པ་རེད།
          ཐའེ་ཝན་གནམ་གཤིས་སྡེ་ཚན་གྱིས་ཚད་འཇལ་བྱས་པར་གཞིགས་ན། ཐེངས་འདིའི་ས་ཡོམ་གྱི་ཡོམ་གནས་ནི་ཐའེ་ཏོང་རྫོང་ཤར་ལྷོ་རྒྱུད་ཀྱི་སྤྱི་ལེ་30.8ཀྱི་མཚམས་ན་ཡོད་ཅིང་། ས་ཡོམ་གྱི་འགུལ་ཚད་ནི་རིམ་པ་6.0ཡིན་པ་རེད། ཐའེ་པེ་གྲོང་ཁྱེར་དུ་ཡོམ་ཚོར་གསལ་པོ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།