འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་བལ་ཡུལ་གྱི་ཀྲུང་གོའི་དཔེ་ཆ་འགྲེམས་སྟོན་སྤེལ་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་26ཉིན། 15:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།2016ལོའི་བལ་ཡུལ་གྱི་ཀྲུང་གོའི་དཔེ་ཆ་འགྲེམས་སྟོན་སྤེལ་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་24ཉིན། "འཕེལ་རྒྱས་འགྲོ་བཞིན་པའི་བོད་ལྗོངས"ཞེས་པ་བརྗོད་གཞིར་བྱས་པའི་2016ལོའི་བལ་ཡུལ་གྱི་ཀྲུང་གོའི་དཔེ་ཆ་འགྲེམས་སྟོན་བལ་ཡུལ་གྱི་རྒྱལ་ས་ཀ་ཏ་མན་རྡུ་གྲོང་ཁྱེར་དུ་སྤེལ་འགོ་ཚུགས་པ་རེད། དཔེ་ཆ་འགྲེམས་སྟོན་དེ་དུས་ཡུན་ཉིན་5ལ་སྤེལ་རྒྱུ་ཡིན་ཞིང་། གཙོ་སྒྲུབ་ལས་ཁུངས་བོད་ལྗོངས་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་ཅུས་ཀྱིས་དཔེ་སྐྲུན་ཁང་མང་པོ་ཞིག་རྩ་འཛུགས་བྱས་ནས་བོད་ཡིག་དང་རྒྱ་ཡིག དབྱིན་ཡིག་བཅས་ཀྱི་དཔེ་དེབ་དང་། སྒྲ་བརྙན་ཕབ་དངོས་སོགས་རིགས་750ལྷག་ཙམ་འགྲེམས་སྟོན་དུ་ཞུགས་ཡོད་པས། ཀྲུང་གོ་དང་བལ་ཡུལ་གྱི་རིག་གནས་བརྗེ་རེས་དང་མཉམ་ལས་ལ་སྐུལ་སྤེལ་བྱ་རྒྱུ་དེ་མཚོན་ཡོད་པ་རེད།
         བལ་ཡུལ་སློབ་གླིང་གི་གླིང་གཙོ་ཀུན་དགའ་(刚噶)ཡིས་གསར་འགོད་པར་བལ་ཡུལ་གྱིས་ཀྲུང་གོ་ལ་རྒྱུས་ལོན་གཏིང་ཟབ་བྱེད་དགོས་འདུག ནམ་རྒྱུན་དུ་ཁོ་བོས་དབྱིན་ཡིག་པར་གཞི་ཅན་གྱི་ཀྲུང་གོའི་དཔེ་དེབ་ཞིག་རེག་ཐུབ་མིན་ལ་ཡིད་མུག་བྱེད་ཀྱི་ཡོད། རྗེས་སུའང་དཔེ་ཆ་འགྲེམས་སྟོན་འདི་འདྲ་མང་ཙམ་སྤེལ་བའི་རེ་བ་ཡོད་ཅེས་བརྗོད་པ་རེད།
         འགོ་ཚུགས་མཛད་སྒོའི་ཐོག བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དང་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གཉིས་ཀྱིས་རེ་རེ་བཞིན་དུ་བལ་ཡུལ་དཔེ་སྐྲུན་ཀུང་སི་དང་གན་རྒྱ་བཞག་པ་དང་། གཞན་ད་དུང་བོད་ཀྱི་ཡིག་གཟུགས་དང་རི་མོའི་སྒྱུ་རྩལ་ཞིབ་འཇུག་ཁང་གི་སྒྱུ་རྩལ་པ་ཚོས་བལ་ཡུལ་གྱི་སྒྱུ་རྩལ་པ་ཚོར་བརྩམས་ཆོས་འབུལ་རེ་གནང་བ་རེད།
         བལ་ཡུལ་གྱི་སློབ་གསོའི་པུའུ་ཀྲང་པའོ་ཏའེར་དང་བལ་ཡུལ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝུའུ་ཁྲུན་ཐའེ། བལ་ཡུལ་དཔེ་སྐྲུན་མཐུན་ཚོགས་ཀྱི་ཀྲུའུ་ཞི་པ་སངས་ཐཱ་སོགས་ཀྱི་སྐུ་མགྲོན་གདན་ཞུ་གནང་བ་ལྟར་འགོ་ཚུགས་མཛད་སྒོར་ཕེབས་ཡོད་པ་མ་ཟད་གཏམ་བཤད་ཀྱང་གནང་བ་རེད།
    【1】  【2】  【3】
    ༄༅།།2016ལོའི་བལ་ཡུལ་གྱི་ཀྲུང་གོའི་དཔེ་ཆ་འགྲེམས་སྟོན་སྤེལ་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།