འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།2015ལོའི་ཨ་རིའི་ཁྱིམ་ཚང་གི་ཡོང་འབབ་དངུལ་རྩའི་ཉམས་ཉེན་རྗེས་ཀྱི་ལོ་འཁོར་
    མོའི་འཕར་ཚད་མངོན་འགྱུར་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་26ཉིན། 09:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཨ་རིའི་བསྡོམས་རྩིས་ཅུས་ཀྱིས་2015ལོའི་ཨ་རིའི་ཁྱིམ་ཚང་གི་དཀྱིལ་གྲངས་ཡོང་འབབ་ཧ་ལམ་ཨ་སྒོར་ཁྲི་5.65ཟིན་ཏེ་2014ལོ་ལས་5.2%མང་དུ་སོང་ནས་དངུལ་རྩའི་ཉམས་ཉེན་རྗེས་ཀྱི་ལོ་འཁོར་མོའི་ནང་འཕར་ཚད་མངོན་འགྱུར་བྱུང་ཐེངས་ཐོག་མ་རེད་ཅེས་བཤད།
         ཕོ་བྲང་དཀར་པོའི་དཔལ་འབྱོར་བློ་འདྲི་ཨུ་ལྷན་གྱི་འགན་འཛིན་ཅ་སེན·ཧྥེ་མན་གྱིས་ཨ་རིའི་བསྡོམས་རྩིས་ཅུས་ཀྱིས་གོང་ཚེས་ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་དཔལ་འབྱོར་སླར་གསོ་བྱུང་བ་དང་སྦྲགས་ཨ་རིའི་ཁྱིམ་ཚང་གི་ཡོང་འབབ་མངོན་གསལ་དོད་པོས་མང་དུ་སོང་བ་མངོན་པའི་ངོས་འཛིན་བྱས་ཡོད།
         ཡིན་ནའང་2015ལོའི་ཨ་རིའི་ཁྱིམ་ཚང་གི་དཀྱིལ་གྲངས་ཡོང་འབབ་ཆུ་ཚད་དེ་2007ལོ་ལས་1.6%གིས་དམའ་བ་ཡོད་པ་དང་། 1999ལོའི་ཧ་ལམ་ཨ་སྒོར་ཁྲི་5.79ཡི་ཁྱིམ་ཚང་གི་དཀྱིལ་གྲངས་ཡོང་འབབ་མཐོ་ཤོས་ལས་2.4%ཡིས་ཉུང་བ་ཡོད།
         ད་དུང་ཨ་རིའི་བསྡོམས་རྩིས་ཅུས་ཀྱི་གྲངས་གཞི་ལས་མངོན་དོན། 2015ལོར་ཨ་རིར་དབུལ་པོར་འགྱུར་ཚད་2014ལོ་ལས་བརྒྱ་ཆའི་གྲངས་1.2ནས་13.5%བར་ཉུང་དུ་སོང་བ་དང་དབུལ་པོ་ཁྲི་4310བར་ཉུང་དུ་སོང་བ་དེ་2014ལོ་ལས་ཁྲི་350ཉུང་དུ་ཕྱིན་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།