འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་ཞིང་ཆེན་གྱི་སྐབས་གསུམ་པའི་ཆོས་ལུགས་སྡེའི་ལུས་རྩལ་འགྲན་བསྡུར་འགོ་བརྩམས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་22ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཡུན་ནན་ཞིང་ཆེན་གྱི་སྐབས་གསུམ་པའི་ཆོས་ལུགས་སྡེའི་ལུས་རྩལ་འགྲན་བསྡུར་འགོ་བརྩམས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་21ཉིན། ཡུན་ནན་ཞིང་ཆེན་གྱི་སྐབས་གསུམ་པའི་ཆོས་ལུགས་སྡེའི་ལུས་རྩལ་འགྲན་ཚོགས་དང་རིག་རྩལ་མཉམ་འཁྲབ་དེ་ཡུས་ཤིས་གྲོང་ཁྱེར་དུ་སྤེལ་བ་རེད། ཡུན་ནན་ཞིང་ཆེན་ནས་ཡོང་བའི་ནང་པའི་ཆོས་ལུགས་དང་ཏའོ་ཇོ་ཆོས་ལུགས། དབྱི་སི་ལན་ཆོས་ལུགས། གནམ་བདག་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་བཅས་ཆོས་ལུགས་ཆེན་པོ་ལྔའི་མི་སྟོང་ལ་ཉེ་བ་ཙམ་གྱིས་རྒྱང་རྒྱུག་དང་ཐུང་རྒྱུག ཐག་མཆོང་། ལག་རྩེད་སྤོ་ལོ་སོགས་ཀྱི་རྣམ་གྲངས་འགྲན་བསྡུར་བྱས་པ་རེད། ཡུན་ནན་ཞིང་ཆེན་ནི་མི་རིགས་མང་ལ་ཆོས་ལུགས་ཀྱང་མང་བའི་མཐའ་ཁུལ་གྱི་ཞིང་ཆེན་ཞིག་ཡིན་དེ། ཆོས་ལུགས་ཆེན་པོ་ལྔ་བོ་ཚང་མ་དར་ཡོད་ཅིང་། ནང་བསྟན་ཆོས་ལུགས་ཀྱི་ཐད་ནས་རྒྱ་བརྒྱུད་ནང་བསྟན་དང་བོད་བརྒྱུད་ནང་བསྟན། ལྷོ་བརྒྱུད་ནང་བསྟན་སོགས་ཀྱི་གྲུབ་མཐའ་གསུམ་པོ་འཛོམས་ཡོད་པ་ནི་རྒྱལ་ཡོངས་སུ་དཀོན་པ་ཞིག་རེད། 
    【1】  【2】  【3】  【4】
    ༄༅།།ཡུན་ནན་ཞིང་ཆེན་གྱི་སྐབས་གསུམ་པའི་ཆོས་ལུགས་སྡེའི་ལུས་རྩལ་འགྲན་བསྡུར་འགོ་བརྩམས་པ།
      

    ཕྱོགས་བསྡུས་གསར་འགྱུར།