འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་སྐྱོར་བྱ་བའི་ནང་ས་གནས་ཁེ་ལས་དང་དམངས་གཉེར་ཁེ་ལས་ཐོག་མར་ཞུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་21ཉིན། 09:04】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། བོད་སྐྱོར་བྱ་བའི་ནང་ས་གནས་ཁེ་ལས་དང་དམངས་གཉེར་ཁེ་ལས་ཐོག་མར་ཞུགས་པ་དེས་བོད་སྐྱོར་གྱི་སྟོབས་ཤུགས་སྔར་བས་ཆེ་རུ་སོང་བ་རེད།
         བོད་སྐྱོར་ཐེངས་དང་པོ་ཡིན་པའི་དམངས་གཉེར་ཁེ་ལས་ཀོང་ཏུང་ཕའེ་དབྱི་སློབ་གསོ་ཚན་རྩལ་ཚད་ཡོད་ཀུང་སིས་བོད་ལ་སློབ་ཆུང་གི་སློབ་ཁྲིད་མཉམ་བསྡུས་དྲ་རྒྱ་300སྐྲུན་རོགས་བྱ་རྒྱུ་ཡིན་ཞིང་། དེ་ནི་སློབ་གྲྭ་དང་། ཁྱིམ་ཚང་། སློབ་མ་བཅས་གསུམ་དབར་དྲ་ཐོག་གི་འཛིན་གྲྭ་གཉེར་བ་དང་། སློབ་ཚན་འཁྲིད་པ། སྒེར་གྱི་སློབ་སྦྱོང་ལ་དོ་དམ་བྱེད་པའི་མཉེན་ཆས་ཤིག་ཡིན། ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀུའེ་པིང་གིས།“སློབ་གསོ་ཆ་འཕྲིན་ཅན་ལ་འགྱུར་རྒྱུ་ཁྱབ་གདལ་གཏོང་བའི་སྒྲིག་ཆས་ལ་བརྟེན་ནས་བོད་དང་ནང་སའི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ཐད་ཀྱི་ཧེ་བག་ཆུང་དུ་འགྲོ་རྒྱུའི་རེ་བ་ཡོད” སླད་ཕྱིན་ཕའེ་དབྱི་ཀུང་སིས་བོད་ཡིག་པར་མའི་མཉེན་ཆས་ཚོད་ལྟ་གསར་སྤེལ་བྱ་རྒྱུ་ཡིན་ཞེས་བཤད།
         ཚེས་19ཉིན། ལྷ་སར་འཚོགས་པའི་ཁེ་ལས་བཟོ་ཚོགས་ཀྱི་བོད་སྐྱོར་ལས་ཀའི་བཞུགས་མོལ་ཚོགས་འདུ་སྐབས་དང་པོའི་ཐོག་བོད་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་སྐོར་ཞིབ་པ་སྤེན་པ་ཚེ་རིང་གིས། “དམངས་གཉེར་ཁེ་ལས་བོད་སྐྱོར་བྱེད་སེམས་ཆེ་བ་དང་རྣམ་གྲངས་ལ་བསམ་བློ་གཏོང་ཕྱོགས་ཡག་པའི་ཁར་ལས་ཀ་བབ་བསྟུན་ངང་སྒྲུབ་མཁས་པོ་ཡོད”ཅེས་བཤད་པ་དང་། ཁོང་གིས་ད་རེས་རྣམ་གྲངས་ཀྱི་འབྲེལ་གཞི་གཙོ་བོ་སློབ་གསོའི་ཁྱབ་ཁོངས་ནང་ཡིན་པ་དང་གོམ་སྟབས་རྗེས་མར་ཁོང་ཚོས་ནང་སའི་ཚོང་ལས་ཀྱི་སྟོབས་ཤུགས་མུ་མཐུད་ནང་འདྲེན་བྱས་ཏེ་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་དང་དཀའ་ངལ་ཡོད་པའི་ཁེ་ལས་དང་ཡུན་རིང་མཉམ་ལས་ཡོང་བ་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས། 
      

    ཕྱོགས་བསྡུས་གསར་འགྱུར།